མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ཧུར་ཐག་ངང་འབྲུ་རིགས་ཐོན་སྐྱེད་ལ་སྐུལ་འདེད་བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-20 11:12

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ན་ནིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱོགས་ཡོངས་ནས་ཏང་དང་རྒྱལ་ཁབ་ཀྱི་ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཀྱི་གོང་སྤེལ་བཏང་བའི་གོམ་སྟབས་མགྱོ གས་སུ་བཏང་བ། རྒྱ་ཁྱབ་ཏུ་ལག་རྩལ་གསོ་སྦྱོང་བྱས་ནས། ཁུལ་ཡོངས་འབྲུ་རིགས་ཀྱིས་ཐོན་སྐྱེད་བརྟན་བརླིང་ངང་འཕར་བ་མངོན་འགྱུར་བྱུང་བ་རེད།

ཤེས་གསལ་བྱུང་དོན། ན་ནིང་། རང་ཁུལ་གྱིས་སྔ་ཕྱི་སྡེབ་རྩིས་བྱས་ན་འོག་རིམ་ལ་ཞིང་ཕན་གྱི་ཁ་གསབ་རོགས་དངུལ་ཁྱོན་བསྡོམས་སྒོར་ཁྲི6053.185སྤྲད་པ་དང་། དགེ་མཚན་ལྡན་པའི་ངང་འདེབས་འཛུགས་ལས་རིགས་ཀྱི་འགན་བཅོལ་སྲིད་ཇུས་ལམ་ལུགས་ལག་བསྟར་བྱས་ནས། འགན་བཅོལ་དུ་ཞུགས་པའི་འདེབས་འཛུགས་ལས་རིགས་ཀྱི་རྒྱ་ཁྱོན་མུའུ་ཁྲི38ཟིན་པ། འདེབས་འཛུགས་ལས་རིགས་ཀྱི་འགན་བཅོལ་གསབ་དངུལ་སྒོར་ཁྲི196.3འཛིན་ལྟར་དངུལ་ལེན་བྱས་ནས། ཞིང་པའི་རང་བྱུང་གནོད་སྐྱོན་ལ་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་བ་རེད། ན་ནིང་ཁུལ་ཡོངས་ཀྱི་འབྲུ་རིགས་ཆ་སྙོམས་ཀྱིས་མུའུ་རེ་ལ་སྤྱི་རྒྱ236.8ཟིན་ཏེ། སྔ་ལོ་ལས་སྤྱི་རྒྱ17.76འཕར་བ་རེད།

རང་ཁུལ་གྱིས་ལོ་ཡོངས་སུ་སྔ་ཕྱི་སྡེབ་རྩིས་བྱས་ན་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་གནས་གཞི་ཁྱོན་བསྡོམས་མུའུ་ཁྲི48.4བཙུགས་པ། དེའི་ནང་ནས་ཀྱི་གནས་གཞི་མུའུ་ཁྲི9.86དང་། རྒུན་འབྲུམ་གྱི་གནས་གཞི་མུའུ་ཁྲི1.69 སྨན་རྫས་ཀྱི་གནས་གཞི་མུའུ་ཁྲི8.53 ཞོག་ཁོག་གི་གནས་གཞི་མུའུ་ཁྲི8.05 སྔོ་ཚལ་གྱི་གནས་གཞི་མུའུ་ཁྲི2.77 སྲན་རིགས་ཀྱི་གནས་གཞི་མུའུ་ཁྲི8.6 སྤུས་ལེགས་ཀྱི་སྲིན་ཤིང་ར་བ་མུའུ་ཁྲི1.6 ཡུངས་དཀར་གྱི་གནས་གཞི་མུའུ་ཁྲི3.8 རྡོ་ཐའི་གནས་གཞི་མུའུ་ཁྲི1.51 མ་ཁཱའི་གནས་གཞི་མུའུ་ཁྲི2བཅས་ཡོད་དེ། ཞིང་ལས་ཐོན་རྫས་ཀྱི་གནས་གཞི་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར4.78ལེགས་འགྲུབ་བྱུང་བ། རང་ཁུལ་གྱིས་ད་དུང་གཞི་རིམ་ཞིང་ལས་ལག་རྩལ་མི་སྣ་ལ་གསོ་སྦྱོང་བྱས་ནས། ཞིང་ལས་ལག་རྩལ་མི་སྣའི་ཚན་རྩལ་ཞབས་འདེགས་ཞུ་བའི་ནུས་ཤུགས་མཐོ་རུ་བཏང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག