མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཧྥོ་ཧྲན་ཤང་གིས“མཐོར་འདེགས་གསུམ”གྱི་སྒོ་ནས་མང་ཚོགས་ལ་ཞབས་འདེགས་བྱེད་ཤུགས་ཆེ་རུ་བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-20 11:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཧྥོ་ཧྲན་ཤང་དམངས་ཕན་ཞབས་འདེགས་ལྟེ་གནས་ཀྱིས་ལས་འགོ་ཚུགས་པ་ནས་བཟུང་། མང་ཚོགས་ལ་གོ་རིམ་སྟབས་བདེ་བ་དང་། དུས་ཚོད་ཐུང་བ། ཕན་ནུས་མཐོ་བའི་ཞབས་འདེགས་་བྱས་ཏེ། མང་ཚོགས་ལ་སྟབས་བདེ་སྤྲད་པ་རེད།

ཐོན་ཁུངས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། ཧྥོ་ཧྲན་ཤང་གིས་རྫོང་ཡོངས་སུ་སྔོན་མར་དམངས་ཕན་ཞབས་འདེགས་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་ཀ་མཇུག་སྒྲིལ་ཏེ། ཤང་དང་གྲོང་སྡེ་རིམ་པ་གཉིས་ཀྱིས་དམངས་ཕན་ཞབས་འདེགས་ལྟེ་གནས་ཚད་གཞི་ཅན་གྱིས་འཛུགས་སྐྲུན་བྱས་ནས། ཤང་ཡོངས་ཀྱི་སྲིད་དོན་ཞབས་འདེགས་མ་ལག་གི་འཛུགས་སྐྲུན་དུ་མ་དངུལ་སྒོར་ཁྲི45བཏང་བ། ཞབས་འདེགས་ལྟེ་གནས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ནས། དམངས་སྲིད་དང་། དབང་པོ་སྐྱོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས། འཆར་ལྡན་བུ་བཙའ།རྒྱལ་ཁབ་ཀྱི་མངའ་ཁོངས། ནགས་ལས། ངལ་རྩོལ་འགན་སྲུང་། གྲོང་གསེབ་དཔལ་འབྱོར། ཞིང་ལས་ཚན་རྩལ། ཕྱུགས་རིགས། རྣམ་པ་གསར་གྲས་ཀྱི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བཅས་ཀྱི་དམངས་ཕན་ཞབས་འདེགས་བྱེད་ས་ཁག9བཙུགས་ཡོད།

ཞབས་འདེགས་བྱེད་ཚད་མཐོ་རུ་བཏང་བ་དང་རྣམ་པ་འཛུགས་པ། ཧྥོ་ཧྲན་ཤང་གི་དམངས་ཕན་ཞབས་འདེགས་ལྟེ་གནས་ཀྱིས་ལས་སྒོའི་ཤེས་བྱ་དང་ཁྲིམས་ལུགས་ཁྲིམས་སྲོལ་སོགས་སློབ་སྦྱོང་བྱས་ནས། ལས་བྱེད་མི་སྣའི་བསམ་བློའི་ཀུན་སྤྱོད་སློབ་གསོ་དང་ལས་སྒོའི་ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ། མིག་སྔའི་བར་དུ། མང་ཚོགས་ཀྱིས་སྙན་ཞུ་བའི་གྱོ ད་དོན་ཁག94དང་ལེན་བྱས་པ་དང་ཁག94བདག་སྤྲོད་བྱས་པ། གྱོ ད་དོན་ཁག94ཐག་གཅོད་བྱས་ཤིང་། གྱོ ད་དོན་ཐག་གཅོད་བྱེད་ཚད་100%ཟིན་པ་རེད།

ལྟེ་གནས་ཀྱིས་ལས་ཀ་སྒྲུབ་པའི་ནུས་ཤུགས་མཐོ་རུ་བཏང་བ།དམངས་ཕན་ཞབས་འདེགས་བྱེད་ས་བཙུགས་པ་དང་ལས་ཚབ་ཞབས་འདེགས་ཞུ་བ་སོགས་མང་ཚོགས་ལ་སྟབས་བདེ་སྤྲོད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས། དམངས་ཕན་ལྟེ་གནས་ཀྱི་ལས་ཀ་ཁག་བདེ་བླག་ཏུ་བསྒྲུབས་ཅིང་། ལས་ཀའི་ལས་ཆོད་ཀྱང་མཐོ་རུ་བཏང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག