མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྨོ་བསྐྱུར་ནགས་སྐྱོང་གི་གྲུབ་འབྲས་སྲ་གཏོང་འཛུགས་སྐྲུན་ལས་འགན་ཁྱོན་ཡོངས་ནས་གྲུབ་ཚར་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-20 11:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར།  ཡུན་ནན་ཞིང་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་འཁོར་གྱི་རྨོ་བསྐྱུར་ནགས་སྐྱོང་རྣམ་གྲངས་ཀྱི་གྲུབ་འབྲས་སྲ་གཏོང་འཛུགས་སྐྲུན་ལས་འགན་ཁྱོན་ཡོངས་སྒྲུབ་ཚར་ཞིང་།གཞི་རྩའི་རྒྱགས་འབྲུའི་ཞིང་ཁ་རྒྱ་ཁྱོན་མུའུ་10715བཙུགས་ཡོད་ལ།རྫབ་རླངས་རྫིང་བུ་200་དང་ཕྱུགས་ར་སྨི་གྲུ་བཞི་10908 སྔོ་གཟན་སྙོལ་བྱེད་ས་དོང་སྨི་ལྷམ་པ་400་དང་།གཟན་ཆག་འདེབས་ཞིང་མུའུ་3354 ཉི་འོད་ནུས་པའི་ཚུའི་ཚ་སྣོད1100བཅས་བཙུགས་ཡོད་པ་དང་།སྐྱེ་ཁམས་ཡུལ་མིའི་གནས་སྤོ་མི་གྲངས་145བྱས་པ།འདེབས་འཛུགས་ལས་རིགས་མུའུ་42200འཕེལ་རྒྱས་བཏང་བ།མི་གྲངས་1642ལ་གསོ་སྦྱོང་བྱས་པ།གསབ་འདེབས་གསབ་འཛུགས་མུའུ་5000བྱས་པ་རེད།

རྨོ་བསྐྱུར་ནགས་སྐྱོང་འཛུགས་སྐྲུན་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་གྲྭ་ལག་བསྟར་བྱས་ནས།རང་ཁུལ་གྱི་ནགས་ཤིང་གི་གསོག་ཚད་རྒྱུན་འཁྱོངས་བྱས་པའི་དུས་མཚུངས་སུ།སྐྱེ་ཁམས་དང་སྤྱི་ཚོགས།དཔལ་འབྱོར་གྱི་ཕན་ཁེ་འཆམ་མཐུན་ངང་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་ཞིང་།ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས།མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་བྱེད་པར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག