མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ཨུའི་སྐབས་བདུན་པའི་ཚང་འཛོམས(རྒྱས་འཛོམས)གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-20 11:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས10ཉིན། ཀྲུང་གུང་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཨུའི་སྐབས་བདུན་པའི་ཚང་འཛོམས(རྒྱས་འཛོམས)གྲོས་ཚོགས་ཐེངས་དྲུག་པ་སེམས་ཀྱི་ཉི་ཟླ་རྫོང་མཁར་དུ་འཚོགས་པ། གྲོས་ཚོགས་ཀྱིས་གཏིང་ཟབ་ངང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱས་པ། ན་ནིང་གི་ལས་ཀ་ཕྱོགས་བསྡོམས་བྱས་ཤིང་ད་ལོའི་ལས་འགན་བཀོད་སྒྲིག་བྱས། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ལ་གོམ་གང་མདུན་སྤོས་ཀྱིས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་། ཡིད་ཆེས་སྲ་བརྟན་དུ་གཏོང་བ། སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱས་པ་དང་། བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ཆེད་དུ་དཀའ་གནད་སེལ་བ་དང་། སྐྱེ་སྟོབས་བསྣན་ཞིང་འགུལ་ཤུགས་བསྡུས་ཏེ། མུ་མཐུད་དུ་བདེ་ཆེན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ངང་ཚུལ་གསར་པ་གཏོད་པར་སྐུལ་སློང་བྱས་པ་རེད།

ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་པ།

ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ལས་ཀའི་སྙན་སེང་ཞུས་ཤིང་མཇུག་སྒྲིལ་གྲོས་ཚོགས་ཐོག་ཕྱོགས་བསྡོམས་གསུང་བཤད་ཀྱང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཧོང་ཀྲེང་ཧུང་གིས་གྲོས་ཚོགས་ཐོག་ད་ལོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་འཕེལ་ལས་འགན་བཀོད་སྒྲིག་བྱས་པ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་མ་ཝུན་ལུང་སོགས་གྲོས་ཚོགས་སུ་ཞུགས་པ་རེད།

ཚང་འཛོམས་གྲོས་ཚོགས་ཀྱིས《ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་བདུན་པའི་ཚང་འཛོམས(རྒྱས་འཛོམས)གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས》ལ་གྲོས་ཞིབ་བྱས་ཏེ་ཁས་བླངས་པ། ཨ་སྒྲོལ་དང་། ཧྲི་ཁྲོན་མིང་། ཀྲའོ་ཡུང་མིང་། སུན་ཧུང་ཅུན་བཅས་ཁུལ་ཨུའི་ཨུ་ཡོན་དུ་རིམ་གསབ་བྱས་པ།

ཚང་འཛོམས་གྲོས་ཚོགས་ཀྱིས་འདང་ངེས་ཀྱིས་ལོ་གཅིག་གི་ཚུན་དུ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀར་གདེང་འཇོག་བྱས་པ། ཚང་མས་སྙམ་དོན། ན་ནིང་གི་ཚུན་དུ། ཞིང་ཆེན་ཏང་ཨུས་སྲ་བརྟན་གྱིས་འགོ་ཁྲིད་བྱས་འོག ཁུལ་ཨུས་ཁུལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་དེ་དམ་པོར་འཛིན་ཞིང་། ཤུགས་ཆེན་གྱིས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཀྱིས་བསམ་བློར་དྲག་ཆས་སྤྲད་པ་དང་། ལག་ལེན་ལ་ཁྲིད་སྟོན་བྱས་ཤིང་ལས་ཀར་སྐུལ་སྤེལ་གཏོང་བ། ཤུགས་ཆེན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དགོངས་དོན་དང་བདེ་ཆེན་གྱི་དངོས་ཡོད་དང་ཟུང་འབྲེལ་དམ་པོ་བྱས་ཏེ། བརྟན་བརླིང་ཐོག་ཡར་ཐོན་བརྩོན་ལེན་བྱེད་པའི་ལས་ཀའི་ནང་དོན་ལྟེ་བར་གཞིགས་ནས། གཏིང་ཟབ་ཀྱིས“ཁུལ་བསྐྲུན་འཐབ་ཇུས་བཞི”ལག་བསྟར་བྱས་པ་དང་། ཕྱོགས་ཡོངས་ནས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་ཀྱི་དཔལ་ཡོན་འཛུགས་སྐྱོང་དང་ཏང་གི་འཛུགས་སྐྱོང་གི་གསར་ཞིང་རླབས་པོ་ཆེ་བའི་ལས་གྲྭ་ལ་སྐུལ་སྤེལ་བཏང་བས། ལས་དོན་ཁག་ལ་གོང་འཕེལ་གསར་པ་ཐོབ་ཡོད། ཁུལ་ཡོངས་དཔལ་འབྱོར་སྤྱི་ཚོགས་ཀྱི་མཆོང་སྐྱོད་འཕེལ་རྒྱས་ཀྱི་གནས་བབ་ཡག་པོ་རྒྱུན་འཁྱོངས་བྱས་པ་དང་། བརྟན་བརླིང་བདེ་འཇགས་ཀྱི་ངང་ཚུལ་ཡག་པོ་སྲ་བརྟན་དུ་བཏང་བ། ཡོམ་འགོག་རྒུད་སྐྱོབ་ལ་རྒྱལ་ཁ་ཐོབ་པ། དམངས་འཚོ་ལེགས་བཅོས་ལ་གྲུབ་འབྲས་གསར་པ་ཐོབ་པ། ཏང་གི་འཛུགས་སྐྱོང་དུས་རིམ་གསར་པར་སླེབས་ཡོད།

ཚང་འཛོམས་གྲོས་ཚོགས་ཀྱིས་གཏིང་ཟབ་ངང་མིག་སྔར་རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་འཕྲད་པའི་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་ཕྱོགས་ཡོངས་ནས་ད་ལོའི་ལས་འགན་བཀོད་སྒྲིག་བྱས་པ་རེད། གྲོས་ཚོགས་ཀྱིས་བསྟན་དོན། ད་ལོ་ནི་ཏང་གི་སྐབས་བཅོས་བརྒྱད་པའི་ཀྲང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་བྱེད་པ་དང་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ལོ་དང་པོ་ཡིན་པ་མ་ཟད། “ལོ་ལྔ་ཚན་བཅུ་གཉིས་པའི་འཆར་གཞི”ལག་བསྟར་བྱེད་པའི་ལོ་བཞི་པ་ཡང་ཡིན། ད་ལོའི་ལས་ཀ་ཁག་ཡག་པོ་སྒྲུབ་པར་གལ་ཆེའི་དོན་སྙིང་ལྡན་པ། ཚང་འཛོམས་གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན། གཏིང་ཟབ་ངང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྟོན་དུ་བྱས་ཏེ། གཏིང་ཟབ་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྲེང་སྟར་གལ་ཆེའི་གསུང་བཤད་ལག་བསྟར་དོན་འཁྱོལ་བྱས་ནས། “དཔེ་སྟོན་ཁུལ”གྱི་འཛུགས་སྐྲུན་དམིགས་འབེན་ལ་དམ་པོར་དམིགས་ཏེ། བཅོས་བསྒྱུར་གསར་གཏོད་དེ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་མངའ་ཁོངས་སོ་སོ་དང་གོ་རིམ་སོ་སོར་དོན་འཁྱོལ་བྱས་ནས། ཤུགས་ཆེན་གྱིས་ཚོང་རའི་སྐྱེ་སྟོབས་འདོན་སྤེལ་བྱེད་པ་དང་། རྣམ་པ་སྒྱུར་བ་དང་སྒྲིག་གཞི་ལེགས་བཅོས་མགྱོ གས་སུ་བཏང་སྟེ། རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་མ་ལག་གི་འཛུགས་སྐྱོང་དྲག་པོར་གཏོང་དགོས། ཤུགས་ཆེན་གྱིས་དམངས་འཚོ་ལེགས་བཅོས་བྱས་ནས། ཏན་ཏིག་གིས་དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས། ཤུགས་ཆེན་གྱིས་སྤྱོད་ཚུལ་སྒྱུར་ནས་བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ཀྱིས་ཏང་གི་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྣེ་ཁྲིད་བྱས་ཏེ། མུ་མཐུད་དུ་བདེ་ཆེན་དཔལ་འབྱོར་སྤྱི་ཚོགས་ཀྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ངང་ཚུལ་གསར་པ་བཏོད་ནས། ཧུར་ཐག་ངང་ཀྲུང་གོའི་ཕུགས་འདུན་གྱི་བདེ་ཆེན་གྱི་གནས་བབ་གསར་པ་ཞིག་སྐྲུན་དགོས།

ཚང་འཛོམས་གྲོས་ཚོགས་ཀྱིས་འབོད་སྐུལ་བྱས་དོན། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་སྔར་ལས་ལྷག་པར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་བྱེད་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱེད་ཅིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཤུགས་སྐྱེད་སྟོབས་སྤེལ་དང་གསར་གཏོད་ཐོག་ཡར་རྒྱས་བརྩོན་ལེན་བྱེད་པ། བདེ་ཆེན་འདི་ཉིད་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དཔེ་སྟོན་ཁུལ་དུ་འཛུགས་སྐྲུན་བྱེད་པའི་ཆེད་དུ་འབད་བརྩོན་བྱེད་དགོས།

ཀྲང་ཏེང་ལིའང་གིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས་བསྟན་དོན། ཕྱོགས་ཡོངས་ནས་ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ཁག་ལེགས་འགྲུབ་བྱས་ཤིང་། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་འཕེལ་གནས་བབ་ལེགས་པོ་རྒྱུན་འཁྱོངས་བྱེད་པ་དང་། བདེ་ཆེན་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བར་སྐུལ་སྤེལ་བཏང་ནས། 2020ལོར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་འགན་སྲུང་བྱེད་དགོས། ཁོང་གིས་བླང་བྱ་བཏོན་དོན། གོམ་གང་མདུན་སྤོས་ཀྱིས་སྤྱོད་ཚུལ་བསྒྱུར་ནས། ཏན་ཏིག་ངང་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་སྤྱོད་ཚུལ་བསྒྱུར་བའི་གནས་བབ་གསར་པ་ལོངས་སྤྱོད་བྱེད་དུ་འཇུག་པ། འགོ་ཁྲིད་རྣམས་ཀྱིས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། རང་དཔེ་གཞན་སྟོན་དང་རང་བཅུན་ནན་པོ་བྱེད་དགོས། སྤྱོད་ཚུལ་སྒྱུར་བའི་རྒྱུན་ལུགས་ཅན་གྱི་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། “སྤྱོད་ཚུལ་ངན་པ་བཞི”ལ་ངོ་རྒོལ་བྱེད་པར་དམིགས་ནས་དབང་ཆ་ལ་ཚོད་འཛིན་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ཤུགས་ཆེར་བཏང་ནས་སྔོན་ཐོན་མིག་དཔེའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། སྤྱོད་ཚུལ་སྒྱུར་བར་དགེ་མཚན་ལྡན་པའི་སྤྱི་ཚོགས་ཀྱི་ངང་ཚུལ་ལེགས་པོ་ཞིག་སྐྲུན་དགོས།

ཀྲང་ཏེང་ལིའང་གིས་བླང་བྱ་བཏོན་དོན། ལོ་མཇུག་དང་ལོ་གསར་ཁར་རིམ་ཁག་དང་སྡེ་ཁག་སོ་སོས་སྔར་བཞིན་ཧུར་ཐག་ངང་མིག་སྔར་གྱི་ལས་ཀ་ཁག་དམ་འཛིན་བྱེད་དགོས། གཞི་རིམ་དུ་ཟབ་ཞུགས་བྱས་ནས་འཚམས་འདྲི་ཞུ་ཞིང་། ཏན་ཏིག་གིས་མང་ཚོགས་ལ་རོགས་རམ་བྱས་ནས་དཀའ་ངལ་སྣ་མང་སེལ་བས། མི་དམངས་མང་ཚོགས་ལ་དགའ་སྐྱིད་ལྡན་པའི་དུས་ཆེན་ཞིག་གཏོང་བར་འགན་སྲུང་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དངོས་སུ་དམ་འཛིན་བྱེད་དེ་ཁྱད་པར་དུ་ནགས་སྲུང་མེ་འགོག་དང་སྤྱི་ཚོགས་བདེ་སྐྱོང་གི་ཕྱོགས་བསྡུས་ལེགས་བཅོས་ལ་དམ་འཛིན་བྱས་ནས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་འགན་སྲུང་བྱེད་དགོས། “གྲོས་ཚོགས་གཉིས”ཀྱི་གྲ་སྒྲིག་ལས་ཀ་ཁག་ཡག་པོ་བསྒྲུབས་ནས“གྲོས་ཚོགས་གཉིས”ཕུན་སུམ་ཚོགས་པོར་གྲུབ་པར་འགན་སྲུང་བྱེད་དགོས།

ཧོང་ཀྲེང་ཧུང་གིས་ད་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་ཀ་བཀོད་སྒྲིག་བྱེད་སྐབས་བླང་བྱ་བཏོན་དོན། ནུས་ཤུགས་གཅིག་འགྲིལ་བྱས་ཏེ་གཙོ་བོར་ཐོན་ལས་གོང་འཕེལ་ལ་སྐུལ་སྤེལ་གཏོང་བ་དང་། མ་དངུལ་འཇོག་པའི་གཞི་ཁྱོན་རྒྱ་སྐྱེད་གཏོང་བ། ཞིང་ལས་ཐོན་ལས་ཅན་དུ་སྐུལ་སྤེལ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་མགྱོ གས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བ། དམངས་འཚོ་ལེགས་བཅོས་དངོས་སུ་དམ་འཛིན་བྱེད་པ། འཆམ་མཐུན་བརྟན་བརླིང་འགན་སྲུང་བྱེད་པ། ས་འགུལ་བྱུང་རྗེས་ཀྱི་སླར་གསོ་སྐྱར་སྐྲུན་སོགས་ཕྱོགས་དགུའི་ལས་ཀ་ཡག་པོ་སྒྲུབ་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག