མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་གི“1.11”མེ་སྐྱོན་གྱི་འབྱུང་རྐྱེན་རྩད་ཆོད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-20 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས17ཉིན། གསར་འགོད་པས་ཏཡུན་ནན་ཞིང་ཆེན་བདེ་ཆེན་བོདག་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་གནའ་གྲོང་གི་“1.11”མེ་སྐྱོན་་མྱུར་སྐྱོབ་རོགས་སྐྱོར་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་སྟེ། མིག་སྔར། སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་གི་“1.11”མེ་སྐྱོན་གྱི་འབྱུང་རྐྱེན་རྩད་ཆོད་པ་དང་། མེ་སྐྱོན་གྱིས་ཁང་པ་འཚིག་པར་ཐད་ཀར་བཟོས་པའི་རྒྱུ་ནོར་གྱོ ང་གུད་དཔྱད་བསྡུར་གསལ་འབྱེད་ལས་ཀ་ལེགས་འགྲུབ་བྱུང་བ་རེད།

མེ་སྐྱོན་བྱུང་རྗེས། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྐབས་ཐོག་ཏུ་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་པ་དང་། བདེ་འཇགས་ལྟ་སྐུལ་བྱེད་པ། སྤྱི་བདེ་དང་མེ་གསོད་སོགས་སྡེ་ཁག་གིས་གྲུབ་པའི་མེ་སྐྱོན་དོན་རྐྱེན་བརྟག་དཔྱད་ལས་ཀའི་ཚོ་ཆུང་སྐབས་ཐོག་ཏུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་འབྱོར་ནས་ལས་ཀ་སྒྲུབ་ཅིང་། རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་ཅུས་དང་། སྤྱི་བདེ་པུའུ་མེ་གསོད་ཅུས་ཀྱི་འགོ་ཁྲིད་དང་ཆེད་ལས་མཁས་པ་ལས་ཡུལ་དངོས་སུ་ཐོན་ནས་མཛུབ་སྟོན་གནང་བ་རེད། མེ་སྐྱོན་བྱུང་བའི་ཉིན་དེར། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མེ་སྐྱོན་དོན་རྐྱེན་བརྟག་དཔྱད་ཚོ་ཆུང་བཙུགས་པ་དང་། ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་གིས་ཞིང་ཆེན་དང་། ཁུལ། རྫོང་རིམ་པ་གསུམ་གྱི་སྤྱི་བདེ་ལས་ཁུངས་དང་མེ་གསོད་སྡེ་ཁག་གི་ཆེད་ལས་མི་སྣ་རྩ་འཛུགས་བྱས་ནས། མེ་སྐྱོན་གྱི་འབྱུང་རྐྱེན་ལ་བརྟག་དཔྱད་བྱེད་པའི་གོ་རིམ་གྱི་འགོ་བརྩམས་པ་དང་། བརྟག་དཔྱད་ལས་ཀ་སྤེལ་ནས། སྐབས་ཐོག་ཏུ་ཁྲིམས་ལྟར་ཁྲིམས་ལུགས་ཀྱིས་གཏན་འཁེལ་དབང་ཆ་ཡོད་པའི་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་མངག་བཅོལ་བྱས་ཏེ་མེ་སྐྱོན་གྱིས་བཟོས་པའི་གྱོ ང་གུད་ལ་དཔྱད་བསྡུར་གསལ་འབྱེད་བྱས་ཏུ་བཅུག་པ་རེད།

བརྟག་དཔྱད་ཚོ་ཆུང་གིས་ལས་ཡུལ་དངོས་ནས་དག་ཐེར་སྐོར་ཞིབ་དང་། ཡུལ་ཕྱི་ནས་བརྟག་དཔྱད་བྱེད་པ། མིག་གིས་དངོས་སུ་མཐོང་བའི་བདེན་དཔང་མི་སྣར་འདྲི་རྟོག་བྱེད་པ། བརྙན་གཟུགས་བྱ་ར་ལ་བལྟ་བ་སོགས་ཀྱི་ལས་ཀར་གཞིགས་ནས། ཐེངས་འདིའི་མེ་སྐྱོན་གྱི་འབྱུང་ས་ནི་རྡོ་མཁར་རྫོང་གི་ཆུ་ལམ་ཞབས་སྒོ་རྟགས་ཨང8པའི་རོའུ་དབྱིས་མགྲོན་ཁང་གི་བྱང་ངོས་ཐོག་བརྩེགས་གཉིས་པའི་ཐང་དབྱེན(བུད་མེད། ད་ལོ་ལོ42 ཧྲང་ཧེའི་མི་ཡིན། རོའུ་དབྱིས་མགྲོན་ཁང་གཉེར་མཁན་ཡིན།) གྱི་ཉལ་སའི་ནང་ཡིན། མེ་སྐྱོན་བྱུང་ས་ནི་ཐང་དབྱེན་གྱི་ཉལ་སའི་ནུབ་ཕྱོགས་ཀྱི་གློག་ཀླད་འཇོག་བྱེད་ཀྱི་ཅོག་ཙེ་དང་རྐུབ་སྟེགས་བར་གྱི་ངོས་ལྔ་ཅན་གྱི་དྲོད་བཟོ་སྒྲིག་ཆས་དེ་རེད། བརྙན་གཟུགས་བྱ་རས་ཐོ་འགོད་བྱས་པའི་གཞི་གྲངས་ལས་གསལ་བ་ལྟར་ན། ཟླ1པོའི་ཚེས11ཉིན་གྱི་ཞོགས་པའི་ཆུ་ཚོད1དང་སྐར་མ13ཐོག ཐང་དབྱེན་གྱི་ཁང་པའི་ནང་དུ་མེ་ལྕེ་འབར་བཞིན་འདུག

བརྟག་དཔྱད་ཚོ་ཆུང་གིས་ལས་ཡུལ་དངོས་ནས་དག་ཐེར་སྐོར་ཞིབ་དང་། རྗེས་ཤུལ་གྱི་བདེན་དཔང་དངོས་ཟོག་ལེན་པ། ལས་ཡུལ་དངོས་ཀྱི་བརྙན་གཟུགས་བྱ་རར་བལྟ་བ། དོ་བདག་པར་འདྲི་རྟོག་བྱེད་པ། ལས་ཡུལ་དངོས་ནས་མེ་སྐྱོན་གྱི་ཚོད་ལྟ་སོགས་བྱས་པ་མ་ཟད། ལས་ཡུལ་དངོས་ཀྱི་རྗེས་ཤུལ་དངོས་ཟོག་ལ་གསལ་འབྱེད་བྱས་ཏེ། བདེན་དཔང་ཡོད་པའི་དངོས་པོ་རྩ་ཆེན་སྤྱི་བདེ་པུའུ་མེ་གསོད་ཅུས་ཧྲིན་དབྱང་མེ་སྐྱོན་དངོས་ཟོག་བདེན་དཔང་གསལ་འབྱེད་ལྟེ་གནས་སུ་བསྐྱལ་ནས་གསལ་འབྱེད་བྱས། གོང་གི་ལས་ཀ་འདི་དག་བརྒྱུད་ནས་ཤེས་པར། མེ་སྐྱོན་གྱི་འབྱུང་རྐྱེན་ནི་ཐང་དབྱེན་གྱི་ཉལ་ཁང་ནང་གི་ངོས་ལྔ་ཅན་གྱི་དྲོད་བཟོ་སྒྲིག་ཆས་བཀོལ་སྤྱོད་བྱས་པ་འོས་འཚམས་མིན་པ་དང་། ཉལ་ཁར་གློག་སྒོ་རྒྱབ་མེད་པས་རེད། ངོས་ལྔ་ཅན་གྱི་དྲོད་བཟོ་སྒྲིག་ཆས་ཀྱིས་འབར་སླ་བའི་དངོས་ཟོག་འབར་ནས་མེ་སྐྱོན་བསླངས་པ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁྲིམས་ཉེས་དོན་བཅའ་ཁྲིམས》ཀྱི་དོན་ཚན115པའི་དོན་ཆུང་གཉིས་པའི་གཏན་འཁེལ་ལྟར། ཐང་དབྱེན་གྱིས་མེ་སྐྱོན་གྱི་ནག་ཉེས་བཟོས་ཡོད་པ་དང་། མིག་སྔར། སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་དཔྱོད་ལས་ཁུངས་ལ་ཁོ་མོ་འཛིན་བཟུང་བྱེད་དགོས་པའི་རེ་འདུན་ཞུས་པ་རེད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་གསོད་བཅའ་ཁྲིམས》དང་། 《ཡུན་ནན་ཞིང་ཆེན་གྱི་མེ་གསོད་སྲོལ་ཡིག》 《མེ་སྐྱོན་དོན་རྐྱེན་བརྟག་དཔྱད་ཀྱི་གཏན་འཁེལ》(སྤྱི་བདེ་པུའུ་ཡི་བཀའ་ཡིག་ཨང121པ)སོགས་ཁྲིམས་ལུགས་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་། ཡུན་ནན་ཞིང་ཆེན་སྤྱི་བདེ་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་ཁྲིམས་ལྟར་ཡུན་ནན་ཀྲོ་ཨར་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས་ལ་མངག་བཅོལ་བྱས་ནས། མེ་སྐྱོན་གྱིས་ཐད་ཀར་བཟོས་པའི་གྱོ ང་གུད་ལ་དཔྱད་བསྡུར་གསལ་འབྱེད་བྱས་པ་རེད། ལྟེ་གནས་འདིས《མེ་སྐྱོན་གྱིས་ཐད་ཀར་བཟོས་པའི་རྒྱུ་ནོར་གྱོ ང་གུད་ཀྱི་བསྡོམས་རྩིས་བྱ་ཐབས》དང་། ཁྲིམས་འཛིན་པུའུ་ཡིས་བསྒྲགས་པའི《ཁྲིམས་འཛིན་གསལ་འབྱེད་གོ་རིམ་གྱི་ཀུན་འཕྲོད་སྒྲིག་སྲོལ》སོགས་ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་ནས། ཁྲིམས་དང་མཐུན་པ་དང་། སྒེར་ཚུགས་ཡིན་པ། དངོས་ཡོད། དྲང་བདེན། ཚན་རིག་གི་རྩ་དོན་སོགས་དང་བསྟུན་ནས། གཏན་འཁེལ་བྱས་པའི་རྩིས་གཉེར་བྱ་ཐབས་དང་གསལ་འབྱེད་གོ་རིམ་གཞིར་བཟུང་སྟེ། “1.11”མེ་སྐྱོན་གྱིས་ཐད་ཀར་བཟོས་པའི་རྒྱུ་ནོར་གྱོ ང་གུད་ལ་ཁྲིམས་འཛིན་གསལ་འབྱེད་བྱས་པ་རེད། ཟླ1པོའི་ཚེས11ཉིན་ནས་ཚེས17ཉིན་བར། ཡུན་ནན་ཀྲོ་ཨར་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས་ཀྱིས་ཁྲིམས་འཛིན་གསལ་འབྱེད་ཀྱི་བེད་སྤྱོད་ཚད་གཞི་དང་སེམས་ཀྱི་ཉི་ཟླ་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་མཁོ་འདོན་བྱས་པའི་རྡོ་མཁར་རྫོང་གི་ཁང་པར་མེ་སྐྱོན་གྱི་གནོད་འཚེ་ཐེབས་པའི་འབུར་གཟུགས་དཔེ་རིས་དང་། སྡོད་ཁང་གི་ཚད་འཇལ་འབྲི་རིས་ཀྱི་རྒྱ་ཁྱོན་སོགས་གཞིར་བཟུང་ནས། སྡོད་ཁང་འཚིག་པའི་ཚད་རིམ་དང་རྣམ་པ་སོགས་ལ་ལས་ཡུལ་དངོས་ཀྱི་རྩད་ཞིབ་བྱས་ཏེ། མེ་སྐྱོན་གྱིས་ཁང་པ་འཚིག་པའི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ59980.66ཡིན་པ་དང་། (དེའི་ཁྲོད་དུ་ཁང་པ་འཚིག་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ58121.66ཡོད་པ་དང་། མེ་སྐྱོན་རོགས་སྐྱོབ་གོ་རིམ་ཁྲོད་ཁང་པ་བཤིག་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ1859ཡོད།) མེ་སྐྱོན་གྱིས་ཁང་པ་འཚིག་ནས་ཐད་ཀར་བཟོས་པའི་རྒྱུ་ནོར་གྱི་གྱོ ང་གུད་ནི་མི་དམངས་ཤོག་སྒོར་ཁྲི8983.9308ཡིན། (དེའི་ནང་དུ་ཁང་པར་མཛེས་སྤྲས་བྱས་པ་དང་ཁང་པའི་ནང་གི་སྒྲིག་ཆས། དངོས་ཟོག་སོགས་གཞན་གྱི་ཐད་ཀར་བཟོས་པའི་རྒྱུ་ནོར་གྱི་གྱོ ང་གུད་དང་སྤྱི་སྤྱོད་སྒྲིག་ཆས་ཀྱི་གྱོ ང་གུད་འདུས་མེད།)

ཐེངས་འདིས་མེ་སྐྱོན་གྱིས་བཟོས་པའི་གནོད་འཚེའི་རྒྱ་ཁྱོན་ཆེ་ཞིང་། འབར་སླ་བའི་དངོས་ཟོག་མང་བས་མེ་སྐྱོན་བྱུང་ཡུལ་གྱི་དངོས་ཟོག་ཕལ་ཆེར་མེས་འཚིག་པ་རེད། དེའི་ཐོག་ལ་རྡོ་མཁར་རྫོང་ནང་དུ་ཚོང་ཁང་མང་པོ་ཡོད་པ་དང་། ཚོང་རྫས་ཀྱི་རིགས་ཤིན་ཏུ་མང་བ། ཁང་པ་གླ་གཏོང་གི་འབྲེལ་བ་རྙོག་འཛིང་ཆེ་བ་སོགས་ཀྱི་དབང་གིས་རྒྱུ་ནོར་གྱོ ང་གུད་ཀྱི་དཔྱད་བསྡུར་གསལ་འབྱེད་ལས་ཀར་དཀའ་ངལ་མང་པོ་ཡོད་པ་རེད། མིག་སྔར། འབྲེལ་ཡོད་ལས་ཀ་བྲེལ་མྱུར་གྱིས་སྒྲུབ་བཞིན་པའི་སྒང་ཡིན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག