
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རིགས་བུད་མེད་ཀྱིས་འབྲས་ཡོས་ཉོ་བཞིན་པ། ལོ་གསར་མ་ཐོན་གོང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་མང་ཚོགས་རྣམས་ཀྱིས་ལོ་གསར་གྱི་ཉེར་མཁོ་ཉོ་བར་འཚབ་པ། ཚོང་རར་འཚོང་བའི་འབྲས་ཡོས་ནི་འབྲས་ཀྱིས་བཟོས་པའི་བཟའ་ཆས་ཤིག་ཡིན་ཏེ། དེའི་སྟེང་དུ་ཚོས་བརྒྱབ་ནས་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་སྨོན་ཚིག་བྲིས་ཡོད་ལ། སེམས་ཀྱི་ཉི་ཟླའི་བོད་རིགས་ཀྱིས་འབྲས་ཡོས་དེ་ལོ་གསར་དུ་ མཆོད་གཤོམ་བྱེད་ཡོད་པ་རེད། །