མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཕྱོགས་ཡོངས་སུ་ལག་བསྟར་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-16 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་དཔལ་འབྱོར་ཡོངས་བཤེར་གཞུང་ལས་ཁང་གིས་འབོར་གྲངས་གཉིས་བགོས་ནས་ཐེངས་གསུམ་པའི་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཕྱོགས་བསྡུས་ལས་སྒོའི་གསོ་སྦྱོང་ཚོགས་འདུ་འཚོགས། ཤང་དང་གྲོང་རྡལ་སོ་སོའི་ཡོངས་བཤེར་འགན་གཉེར་བྱེད་པའི་འགོ་ཁྲིད་པ་དང་རྫོང་ཡོངས་ཀྱི་ཡོངས་བཤེར་མི་སྣ་དང་ཡོངས་བཤེར་ཁྲིད་སྟོན་པ283གསོ་སྦྱོང་དུ་ཞུགས་པ་རེད།

ཤེས་གསལ་བྱུང་དོན། གསོ་སྦྱོང་ནི་རྫོང་བསྡོམས་རྩིས་ཅུས་ཀྱི་གསོ་སྦྱོང་མི་སྣས་དུད་ཚང་དུ་ཞུགས་པའི་ཡོངས་བཤེར་ཐོ་འགོད་ལས་ཀའི་ཁྲོད་དུ་དཔལ་འབྱོར་ཡོངས་བཤེར་ཀྱི་རེའུ་མིག་འབྲི་བ་དང་PDAམཐའ་སྣེའི་གཞི་གྲངས་བསྡུས་པའི་ལས་སྒོར་ཁྲིད་སྟོན་སློབ་སྦྱོང་བྱས་པ་མ་ཟད། ད་དུང་ཡུལ་དངོས་སུ་གཞི་གྲངས་བསྡུས་བའི་བཀོལ་སྤྱོད་གོ་རིམ་ཁག་འཕེལ་རིམ་གསལ་སྟོན་བྱས་ནས། གཞི་གྲངས་ཐོ་འགོད་ཀྱི་དོ་སྣང་དོན་ཚན་ནན་བཤད་རྒྱབ་པ་དང་། དཀའ་གནད་ཡུལ་དངོས་སུ་ལན་འདེབས་པ།

ཡུལ་དངོས་སུ་འཕེལ་རིམ་གསལ་སྟོན་བྱས་ནས། ཡོངས་བཤེར་མི་སྣ་སྔར་ལས་ལྷག་པརPDAཡི་གཞི་རྩའི་ནུས་པ་དང་བཀོལ་སྤྱོད་གོ་རིམ་རྒྱུས་ལོན་བྱུང་ཞིང་། དུས་ཐོག་ཏུPDAབཀོལ་སྤྱོད་བྱེད་པའི་ཁྲོད་དུ་ཐོན་པའི་གནད་དོན་སེལ་བར་ལག་རྩལ་འགན་སྲུང་བཏོན་པ་དང་། དངོས་སུ་ཞིང་དུད་དུ་ཞུགས་པའི་ཡོངས་བཤེར་ལ་རྨང་གཞི་བཏིང་བ་རེད།

གསོ་སྦྱོང་བྱས་པར་བརྒྱུད་ནས། འབའ་ལུང་རྫོང་གིས་དཔལ་འབྱོར་ཡོངས་བཤེར་གྱི་ཞིང་དུད་དུ་ཞུགས་པའི་ཐོ་འགོད་ལས་ཀ་རྫོང་ཡོངས་སུ་ག་བསྟར་བྱས་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག