མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་དང་རྫོང་དམངས་སྲིད་ཅུའུ་ཡིས་བྱམས་སེམས་ཕུལ་བའི་ཞལ་འདེབས་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-16 10:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  རྡོ་མཁར་གནའ་རྫོང་དུ་མེ་སྐྱོན་བྱུང་རྗེས།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུའུ་དང་།  སེམས་ཀྱི་ཉི་ཟླ་རྫོང་དམངས་སྲིད་ཅུའུ་བཅས་ཁོངས་གཏོགས་ལས་དོན་ལས་ཁུངས་སོགས་རིམ་པ་སོ་སོའི་སྡེ་ཁག་གིས་མེ་སྐྱོན་མྱུར་སྐྱོར་བྱ་བ་སྒྲུབ་བཞིན་པའི་དུས་མཚུངས་སུ།  ཟླ་དང་པོའི་ཚེས14ཉིན་གྱི་སྔ་དྲོར་གནོད་ཐེབས་ས་ཁུལ་ལ་བྱམས་སེམས་ཕུལ་བའི་ཞལ་འདེབས་བྱ་འགུལ་སྤེལ་ནས།  གནོད་ཐེབས་མང་ཚོགས་དཀའ་ཁག་ལས་ཐར་བར་རང་ཉིད་ཀྱི་ནུས་ཤུགས་བཏོན།  དམངས་སྲིད་ལས་བཟོ་བ58ཀྱིས་ཞལ་འདེབས་མ་དངུལ་བསྡོམས་པས་སྒོར་ཁྲི12100ཧྲག་བསྡུ་བྱས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག