མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་གནོད་ཐེབས་མང་ཚོགས་ལ་བཀོད་སྒྲིག་ལེགས་པོ་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-15 10:40

  ཚེས11ཉིན་མེ་སྐྱོན་བྱུང་རྗེས།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུའམ། རྫོང་སྲིད་གཞུང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱས་པ་དང་།  ཉིན་དེར།  མྱུར་སྐྱོར་ཟས་རིགས་འགྲེམ་གཏོང་ལྟེ་གནས་གཉིས་བཙུགས་ནས་གནོད་ཐེབས་མང་ཚོགས་ལ་མྱུར་སྐྱོར་ཟས་རིགས་འགྲེམ་གཏོང་བྱས།

 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཟླ་དང་པོའི་ཚེས12ཉིན་གྱི་སྔ་དྲོར།  སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་གིས་མྱུར་སྐྱོར་དཔོན་དམག་དང་གནོད་ཐེབས་མང་ཚོགས་ཁ་ཤས་གནའ་མཁར་རྒྱལ་སྤྱིའི་གསོལ་ཁང་དུ་བཀོད་སྒྲིག་བྱས་ཏེ་ཟ་མ་ཟ་རུ་བཅུག་པ་དང་།  གནོད་ཐེབས་མང་ཚོགས་གཞན་དག་ཉེ་འགྲམ་གྱི་གསོལ་ཁང་ནང་བཀོད་སྒྲིག་བྱས་ནས་ཁོ་ཚོའི་འཚོ་བར་འགན་སྲུང་བྱས།  ཚེས12ཉིན་གྱི་སྔ་དྲོ་བར།  བསྡོམས་པས་གནོད་ཐེབས་མང་ཚོགས550ལྷག་བཀོད་སྒྲིག་བྱས་པ་དང་།  ཁོ་ཚོའི་ཁ་ཟས་དང་གྱོན་གོས་སོགས་ལོངས་སྤྱོད་བྱེད་པར་ཁག་ཐེག་བྱས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག