མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཐེངས་གཉིས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-15 10:37


པར་རིས་སྟེང་སེམས་ཀྱི་ཉི་ཟླའི་དྲ་བའི་གསར་འགོད་པས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ལས་འདྲི་བ་འདོན་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ་དང་པོའི་ཚེས12ཉིན་གྱི་ཕྱི་དྲོའི་དུས་ཚོད1སྟེང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་གནའ་རྫོང“1.11”མེ་སྐྱོན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་བསྡུས།  སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་དང་ཁུལ་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་སོགས་ཀྱིས་གསར་འགྱུར་སྨྱད་བྱད་ལས་རིགས་ལ་མྱུར་སྐྱོར་བྱ་བའི་གནས་ཚུལ་གསར་བ་བརྡ་ཁྱབ་བཏང་།

 གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་།  སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་དང་བདེ་ཆེན་ཁུལ་དམངས་སྲིད་ཅུའུ།  ཁུལ་སྤྱི་བདེ་ཅུའུ།  ཁུལ་མེ་འགོག་ཡན་ལག་རུ་ཁག་བཅས་ཀྱི་འགན་ཁུར་མི་སྣས་སྨྱད་བྱད་སྡེ་ཁག་གིས་དོ་སྣང་བྱེད་བཞིན་པའི་གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་།  མྱུར་སྐྱོར་དངོས་ཟོག་འགྲེམ་གཏོང་།  མེ་འགོག་བྱ་བ་དང་གནོད་ཐེབས་ཁུལ་གྱི་བདེ་སྲུང་བྱ་བ་སོགས་ནས་གསར་འགོད་པར་ལན་བཏབ།  ཀྲུང་དབྱང་དང་ཞིང་ཆེན་ཕྱི་ནང་གི་སྨྱན་བྱད་སྡེ་ཁག  བདེ་ཆེན་ཁུལ་གྱི་སྨྱད་བྱད་སྡེ་ཁག་སོགས་ལས་ཁུངས13དང་གསར་འགོད་པ30ལྷག་ཐེངས་འདིའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུར་ཞུགས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག