མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྡོ་མཁར་གནའ་རྫོང་གི་མེ་སྐྱོན་གནོད་ཕྱིའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-15 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་གནའ་རྫོང“1·11”མེ་སྐྱོན་འཕྲལ་སྒྲིལ་དང་གནོད་ཕྱིའི་བསྐྱར་སྐྲུན་མཐུན་སྦྱོར་བཀོད་འདོམས་པུའུ་ནས་ཤེས་གསལ་ལྟར་ན།  ཚེས13ཉིན་ཉིན་གྱི་སྔ་དྲོའི་དུས་ཚོད9སྟེང་།  མེ་སྐྱོན་ལས་དུད་ཁྱིམ246ལ་གནོད་འཚེ་ཐེབས་ཤིང་། ཁང་པ343བསྲེགས།  སོ་སོ་ནི་ཚང་ཧྥང་གཞིས་ཁུལ་གྱི་ཁང་པ85དང་ཅིན་ལོན་གཞིས་ཁུལ་གྱི་ཁང་པ46།  ལྷོ་སྒོ་གཞིས་ཁུལ་གྱི་ཁང་པ212བཅས་ཏིན།  མེ་སྐྱོན་ལས་མི1ལ་རྨས་ཕོག་པ་ལས་མི་གཅིག་ཀྱང་མི་ཤི།  གནོད་ཐེབས་མང་ཚོགས2600གནས་སྤར།  མིག་སྔར།  སེམས་ཀྱི་ཉི་ཟླ་རྫོང་གིས་ཕྱོགས་ཡོངས་ནས་མྱུར་སྐྱོར་དང་སྐྱོན་འཇུག་ལེགས་བསྡུས་བྱ་བ་སྤེལ་བཞིན་ཡོད།

མྱུར་སྐྱོར་མ་དངུལ་འགྲེམ་གཏོང་དང་འཚམས་འདྲི་བྱ་བ་ལེགས་པོ་སྒྲུབ་ཏེ།  དུད་ཁྱིམ་རེར་སྒོར་ཁྲི1གི་ཚད་གཞི་ལྟར།  དུས་ཐོག་ཏུ་རོགས་སྐྱོར་མ་དངུལ་ཁྲི400དང་།  ནན་ཏན་སྒོས་བཀོད་སྒྲིག་བྱ་བ་ལེགས་པོ་སྒྲུབ་པ་དང་དུད་ཁྱིམ་རེར་སྒོར3000གི་ཚད་གཞི་ལྟར།  འཚམས་འདྲི་ལག་དངུལ་སྒོར་ཁྲི100བཅས་འགྲེམ་གཏོང་བྱས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག