མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་གྲུ་རྫིངས་ཚད་ལྡན་ཅན་གྱི་བསྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-27 10:24

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12ཚེས21ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་བསྒྱུར་བཀོད་བཏང་བའི་ཚད་ལྡན་ཅན་གྱི་གྲུ་རྫིངས་ཨང་དང་པོ་དེ་སེམས་ཀྱི་ཉི་ཟླ་རྫོང་ཅིན་ཅང་གྲོང་རྡལ་མུའུ་སི་གྲུ་ཁར་ཆུ་ཐོག་སྐྱོད་པ།དེས་རང་ཁུལ་གྲོང་གསེབ་ཀྱི་ཚད་ལྡན་ཅན་གྱི་གྲུ་རྫིངས་ཀྱི་བསྒྱུར་བཀོད་རྣམ་གྲངས་དེ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པར་མཚོན་ཡོད།ཚོད་རྩིས་བྱས་པར་གཞིགས་ན། 2015ལོའི་ལོ་མཇུག་ཏུ་ཁྱོན་ཡོངས་ནས་བསྒྱུར་བཀོད་གཏོང་ཚར་རྒྱུ་རེད།

གྲོང་གསེབ་ཚད་ལྡན་ཅན་གྱི་གྲུ་རྫིངས་ཀྱི་བསྒྱུར་བཀོད་རྣམ་གྲངས་དེ་ཞིང་ཆེན་མཚོ་དོན་ཅུས་ཀྱིསགཏན་འབེབས་བྱས་པའི་གྲུ་རྫིངས་ཀྱི་ཚད་ལྡན་ལ་གཞིགས་ནས།ཞིང་ཆེན་ཡོངས་ཀྱི་གྲུ་རྫིངས་ལ་བསྒྱུར་བཀོད་བྱས་པས།དེའི་དམིགས་ཡུལ་ནི་གྲུ་ཁ་དང་།ཆུ་མཛོད་དང་མཚེའུ་ཁུལ་གྱི་གྲུ་རྫིངས་ཀྱི་བདེ་འཇགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་རྒྱུ་དེ་ཡིན།

ངོ་སྤྲོད་བྱས་ཚུལ་ལ་གཞིགས་ན།ཞིང་ཆེན་མཚོ་དོན་ཅུས་ཀྱིས་གཏན་འབེབས་བྱས་པའི་ཚད་ལྡན་ཅན་གྱི་གྲུ་རྫིངས་དེ་ཆུ་མཛོད་དང་མཚེའུ་ཁུལ་དུ་སྤྱོད་འཐུས་པ་ལས།རང་ཁུལ་གྱི་འབྲི་དང་རྫ་ཆུའི་གྲུ་ཁ་ལ་སྤྱོད་འཐུས་མེད།ཁུལ་དང་རྫོང་གསུམ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་མཚོ་དོན་སྡེ་ཁག་གིས་ཧུར་ཐག་གིས་བརྩོན་ལེན་བྱས་འོག ཞིང་ཆེན་མཚོ་དོན་ཅུས་ཀྱིས་རང་ཁུལ་གྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་ཆེད་དམིགས་སུ་རང་ཁུལ་ལ་སྤྱོད་འཐུས་པའི་གྲུ་རྫིངས་བཟོས་པ་རེད།བསྒྱུར་བཀོད་རྣམ་གྲངས་དེ་“གསར་བཟོ་འབོར་ཚོ་ཞིག་བྱེད་པ་དང་འབོར་ཚོ་ཞིག་ལ་བསྒྱུར་བཀོད་གཏོང་བ།འབོར་ཚོ་ཞིག་མི་དགོས་པ་བཟོ་བའི”རྩ་དོན་ལྟར།ཁྱོན་ཡོངས་ནས་གྲུ་རྫིངས་ཚད་ལྡན་ཅན་དུ་གཏོང་རྒྱུ་ཡིན་ཞིང་།ཁུལ་ཡོངས་ཀྱི་གྲུ་ཁའི་གྲུ་རྫིངས་ཀུན་ལག་ཁྱེར་གསུམ་དང་བྱང་བུ་གཅིག ལམ་ཐིག་གཅིག་ཡོད་པར་འགྱུར་རྒྱུ་ཡིན་ཏེ།ཚད་གཞིར་ལོངས་ཚད་100%ལ་ཟིན་ཐུབ་རྒྱུ་ཡིན་པས།གྲུ་རྫིངས་ཀྱི་བདེ་འཇགས་ཀྱི་ལག་རྩལ་ནུས་པ་དང་ཆུ་ཐོག་སྐྱེལ་འདྲེན་འཐུས་ཚད་དམིགས་བསལ་གྱིས་མཐོ་རུ་བཏང་ཡོད་དེ།ཆུ་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་དེ་བས་བདེ་པོ་དང་དེ་བས་བདེ་འཇགས་ཡོང་བར་ཁག་ཐེག་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།གྲུ་བདག་གི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དུ།ཞིང་ཆེན་མཚོ་དོན་ཅུས་ཀྱིས་གསར་དུ་བཟོས་པའི་གྲུ་རྫིངས་རེ་ལ་སྒོར་ཁྲི་5ཡི་ཁ་གསབ་སྤྲོད་རྒྱུ་རེད།མིག་སྔར།རང་ཁུལ་ལ་གྲུ་ཁ་ཁག་37ཡོད་ལ།གྲུ་རྫིངས་60ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག