མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་གྲོང་གསེབ་གསར་པའི་མཉམ་ལས་སྨན་བཅོས་ཕྱོགས་ཡོངས་སུ་ཁེབས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-27 10:23

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་གྲོང་གསེབ་གསར་པའི་མཉམ་ལས་སྨན་བཅོས་ཕྱོགས་ཡོངས་སུ་ཁེབས་པར་སྲ་བརྟན་དང་རྒྱ་བསྐྱེད་བཏང་བ་དང་། མུ་མཐུད་ནས་གྲོང་གསེབ་གསར་པའི་མཉམ་ལས་སྨན་བཅོས་ཀྱི་ཆུ་ཚད་མཐོར་འདེགས་བཏང་བ་རེད།

2013ལོར། རྫོང་ཡོངས་ཀྱི(གསར་སྤེལ་ཆུས་ཀྱང་འདུས།)མཉམ་ལས་སྨན་བཅོས་ནང་ཞུགས་ཆོག་པ་ལ་མི110835ཡོད་དེ། དངོས་སུ་ཞུགས་མཁན་མི110835ཡོད་ཅིང་། ཟབ་ཞུགས་བྱེད་ཚད100%ལ་སླེབས་ཡོད། མི་རེར་ཆ་སྙོམས་ཀྱིས་མ་དངུལ་གྲབས་གསོག་བྱེད་པའི་ཚད་གཞི་ནི་སྒོར340ཡིན་པ་དང་། གཞི་རྩའི་ཐོག་ནང་དུ་ཞུགས་ཐུབ་ན་གང་ནུས་ཀྱིས་ཞུགས་པ་མངོན་འགྱུར་བྱུང་ཡོད། ཟླ1པོ་ནས་ཟླ11པའི་བར་དུ་གྲོང་གསེབ་གསར་པའི་མཉམ་ལས་སྨན་བཅོས་ཀྱི་མ་དངུལ་ལ་ཁྱོན་བསྡོམས་སྒོར་ཁྲི3491ཁ་གསབ་སྤྲད་པ་རེད། དེའི་ཁྲོད་དུ་སྨན་ཁང་དུ་བསྡད་པའི་ཁ་གསབ་ལ་མི་ཐེངས9328ཡོད་པ་དང་། སྒོར་ཁྲི295525ཡི་ཁ་གསབ་སྤྲད་པ་རེད། སྒོ་བསྟེན་ཁ་གསབ་ལ་མི་ཐེངས174739ཡོད་པ་དང་། སྒོར་ཁྲི42774ཡི་ཁ་གསབ་སྤྲད་པ་རེད། སྨན་ཁང་དུ་བསྡད་ནས་བྱིས་པ་བཙའ་བའི་ཁ་གསབ་ལ་མི་ཐེངས1202ཡོད་པ་དང་། སྒོར་ཁྲི108.01ཡི་ཁ་གསབ་སྤྲད་པ་རེད།

རྫོང་ཡོངས་ཀྱིས“ཏང་ཨུ་འགོ་ཁྲིད་དང་སྲིད་གཞུང་གིས་འགན་འཁུར་བ་དང་། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ། སྤྱི་དམངས་ནང་དུ་ཞུགས་པའི”སྤྱི་ཚོགས་དོ་དམ་གྱི་རྣམ་པར་བརྩི་སྲུང་བྱས་ནས། རང་རྟོགས་ཀྱིས་བསམ་བློའི་ངོས་འཛིན་གཅིག་གྱུར་གྱིས་དམངས་འཚོར་སེམས་ཁུར་བྱེད་པ་དང་། བདེ་ཐང་ལ་འགན་སྲུང་བྱེད་པ། འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བ། བདེ་སྐྱིད་ལ་ངོས་བཟུང་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་ཐོག་ཏུ་ཐོན་པར་བྱས། འགོ་ཁྲིད་ལ་ཤུགས་སྣོན་པ་དང་། རྩ་འཛུགས་ཞིབ་མོ་བྱེད་པ། ཧུར་ཐག་གིས་དྲིལ་བསྒྲགས་བྱེད་པ། རང་གི་ལས་འགན་ལེགས་པར་འཁུར་ནས་ལས་ཀ་སོ་སོར་བགར་བར་མཐུན་སྦྱོར་བྱས་ཏེ། ལས་ཀར་ཧུར་བརྩོན་བྱེད་པའི་སེམས་པ་དེ་གྲོང་གསེབ་གསར་པའི་མཉམ་ལས་སྨན་བཅོས་ཀྱི་མ་དངུལ་གྲབས་གསོག་བྱེད་པའི་སྟེང་དུ་བཀོལ་བ་རེད།

གྲོང་གསེབ་གསར་པའི་མཉམ་ལས་སྨན་བཅོས་ཀྱི་གཏན་འཁེལ་ས་ཚིགས་ཀྱི་མ་དངུལ་ཆེད་དོན་ལེགས་སྒྲིག་བྱེད་པའི་བྱ་འགུལ་སྤེལ་བ། སྲིད་ཇུས་ཀྱིས་གཏན་འཁེལ་བྱས་པ་ལག་བསྟར་བྱེད་པའི་གནས་ཚུལ་ཚུལ དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་གཉིས་ཟུང་འབྲེལ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཕན་འབྲས་ཀུན་གྱི་ཐོག་མར་བཞག་ཅིང་། དོན་དངོས་ཀྱིས་ཞབས་ཞུའི་རྣམ་འགྱུར་བརྗེས་ནས་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་བ་དང་། སྨན་ཡོན་གྱི་འགྲོ་གྲོན་ཇེ་ཉུང་དུ་བཏང་ནས། མང་ཚོགས་ཡིད་ཚིམ་པ་དང་ཏང་དང་སྲིད་གཞུང་གི་བློ་སེམས་བདེ་བར་ཧུར་བརྩོན་བྱས་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག