མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ནགས་དབང་གཏའ་མ་འཇོག་པའི་དངུལ་བུན་གཏོང་ལེན་སྲིད་ཇུས་དྲིལ་བསྒྲགས་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-27 10:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱ་ཆེའི་ནགས་ཚལ་ཞིང་པ་དང་།གཞི་རིམ་ལས་བྱེད་པ་དང་ཁེ་ལས་ཀྱིས་སྔར་ལས་ལྷག་པར་ནགས་དབང་གཏའ་མ་འཇོག་པའི་དབུལ་བུན་གཏོང་ཡུལ་དང་ཆ་རྐྱེན།སྤྱོད་སྒོ་དང་དངུལ་བུན་ལེན་པའི་གོ་རིམ་ལ་ཤེས་རྒྱུས་ལོན་པ་དང་།དངུལ་བུན་ལེན་པའི་འབོར་གྲངས་དང་དུས་བཅད།སྐྱེད་ཀའི་ཚད་དང་ནགས་དབང་གི་དཔྱད་བསྡུར་གཏན་འབེབས།གཏའ་མ་འཇོག་པ་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ཤེས་རྒྱུས་ལོན་དུ་འཇུག་ཆེད།ད་ལོའི་ཟླ་3་པ་ནས་བཟུང་།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་ནགས་ལས་སྡེ་ཁག་གིས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་དུ་ཏན་ཏིག་གིས་ནགས་དབང་གཏའ་མ་འཇོག་པའི་དངུལ་བུན་གཏོང་ལེན་སྲིད་ཇུས་དང་འབྲེལ་ཡོད་ཤེས་བྱའི་དྲིལ་བསྒྲགས་ལས་ཀ་སྒྲུབ་པ་རེད།

ཟླ12པའི་ཚེས15ཉིན་བར་དུ།ཁུལ་ཡོངས་སུ་ཁྱོན་བསྡོམས་ཚོགས་ཆེན་དང་ཚོགས་ཆུང་ཐེངས་33བསྡུས་ཤིང་།《ཡུན་ནན་ཞིང་ཆེན་ནགས་དབང་གཏའ་མ་འཇོག་པའི་དབུལ་བུན་གཏོང་ལེན་བསྡུས་གསལ་ཉེར་སྤྱོད་ལག་དེབ》ལྷག་འགྲེམ་པ་དང་།དྲིལ་བསྒྲགས་ཤོག་བྱང་2500ལྷག་འགྲེམ་པ།སྦྱར་ཡིག་30ལྷག་བཀལ་བ་དང་སྦྱར་ཡིག་2000ལྷག་སྦྱར་བས།ནགས་ཚལ་ཞིང་པས་ནགས་དབང་གཏའ་མ་འཇོག་པའི་དངུལ་བུན་གཏོང་ལེན་ཤེས་བྱའི་ཤེས་རྒྱུས་ལོན་ཚད་90%ཟིན་ཡོད་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག