མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་རིག་གནས་བྱ་གཞག་གི་འཕེལ་ཤུགས་ཡག་པོ་ཡིན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-27 10:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་སྡེ་ཁག་གིས་བདེ་ཆེན་གྱི་འཛུགས་སྐྲུན་རྣམ་བཞིར་ཞབས་ཞུ་བྱས་ནས། ཁུལ་སྲིད་གཞུང་གི《སྤྱི་པའི་རིག་གནས་ཀྱིས་མི་དམངས་ལ་ཕན་པའི་ཞབས་ཞུ་མ་ལག་འཛུགས་སྐྲུན་སྐོར་གྱི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱས་ཏེ། ཕན་ནུས་གཉིས་པོ་གཅིག་འགྱུར་བྱེད་པ་དམིགས་ཡུལ་དུ་བཟུང་བའི་རིག་རྩལ་བརྩམས་ཆོས་ཐོན་ཚད་ལ་ཤུགས་སྣོན་རྒྱག་ཅིང་། མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་རྒྱུ་གཙོ་བོར་བཞག་པའི་རིག་གནས་ཤུལ་རྫས་ཀྱི་སྲུང་སྐྱོང་མཇུག་འབྲས་ཡག་པོ་ཐོན་ནས། ཁུལ་ཡོངས་ཀྱི་རིག་གནས་བྱ་གཞག་དག་རྒྱུན་སྲིང་ཅན་གྱི་འཕེལ་རྒྱས་ཕྱིན་པའི་རྣམ་པ་ཡག་པོ་ཞིག་ཐོན་པ་རེད།

ལོ་ནང་དུ། རང་ཁུལ་གྱི་རིག་གནས་འཛུགས་བསྐྲུན་རྣམ་གྲངས་ཏེ་མི་རིགས་རིག་གནས་ཐང་ཆེན་གནས་སྤོ་བྱེད་པ་དང་། རྫོང་གསུམ་གྱི་ཤར་རླུང་ཨར་ལས་ཀྱི་ཧྲང་ཧའེ་དཔེ་ཚོང་ཁང་བཅས་རིག་གནས་འཛུགས་སྐྲུན་རྣམ་གྲངས་རབ་དང་རིམ་པ་ཞིག་ལག་བསྟར་དོན་འཁྱོལ་བྱས་ཚར་བ་རེད།

དངོས་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པའི་སྐོར་ལའང་གྲུབ་འབྲས་དགའ་འོས་པ་བླངས་ཡོད། ལོ་ནང་དུ་རང་ཁུལ་གྱི་རིག་གནས་མ་ལག་གིས་སྤྱི་ཕན་ཅན་གྱི་གླུ་གར་འཁྲབ་སྟོན་བྱ་འགུལ་དང་། དེ་མིན་ས་ཆ་གཞན་དང་སྤེལ་རེས་འཁྲབ་སྟོན་བྱ་འགུལ་རབ་དང་རིམ་པ་ཞིག་སྤེལ་ཡོད་པ་དང་། རིག་རྩལ་གྱི་རྩོམ་ཡིག་གསར་བརྩམས། རྩོམ་པ་པོ་དག་ལ་གསར་རྩོམ་གྱི་ཆ་རྐྱེན་གང་ལེགས་བསྐྲུན་ནས་ལོ་ནང་དུ་མི་རིགས་སོ་སོའི་འཚོ་བ་དང་རིག་གནས་སྲོལ་རྒྱུན་ནང་དོན་དུ་བྱས་པའི་བརྩམས་ཆོས་ཕུལ་བྱུང་བ་མང་པོ་ཞིག་ཐོན་ཡོད། དེ་མིན་ཁུལ་ཡོངས་སུ་ཞིང་གྲོང་གི་གློག་རྡུལ་དཔེ་ཀློག་ཁང་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པ24ཡི་དཔེ་ཀློག་ཁང་དང་། དཔར་བསྐྲུན་རྣམ་གྲངས་11ཡར་ཞུས་བྱས་ནས་ཕྱོགས་ཡོངས་ནས་རིག་གནས་འཕེལ་རྒྱས་ལ་སྐུལ་སྤེལ་དྲག་པོ་གཏོང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག