མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ཁྲིམས་ལུགས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-25 10:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པ་ནི་ལོ་ལྟར་གྱི་ཁྲིམས་ལུགས་དྲིལ་བསྒྲགས་ཟླ་བ་ཡིན་ཞིང་། བསྟུད་མར་ཉིན་ཤས་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་ཁྲིམས་ལུགས་ཡོངས་ཁྱབ་ཁོངས་མིའི་ལས་ཁུངས་ཁག་གིས་ཧུར་ཐག་ངང་དང་ལེན་བྱས་ཏེ། སྡེ་ཁག་སོ་སོའི་དངོས་ཡོད་དང་ཟུང་འབྲེལ་བྱས་ཤིང་བརྗོད་བྱ་གཙོ་བོར་དམིགས་ནས་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་ཕྲེང་སྟར་བྱེད་སྒོ་སྤེལ་བས། གོམ་གང་མདུན་སྤོས་ཀྱིས་རྒྱ་ཆེ་བའི་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་མཐོ་རུ་བཏང་བ་རེད།

ཤེས་གསལ་བྱུང་དོན། སེམས་ཀྱི་ཉི་ཟླ་ཁྲིམས་ལུགས་ཡོངས་ཁྱབ་གཞུང་ལས་ཁང་གིས་དུས་ཐོག་ཏུ《སེམས་ཀྱི་ཉི་ཟླ་རྫོང་གིས2013ལོའི“12·4”རྒྱལ་ཡོངས་ཁྲིམས་ལུགས་དྲིལ་བསྒྲགས་ཟླ་བའི་ཕྲེང་སྟར་དྲིལ་བསྒྲགས་བྱེད་སྒོ་སྤེལ་བའི་སྐོར་གྱི་བརྡ་ཐོ》གཏན་འབེབས་བྱས་ཏེ་མར་བཀྲམ་ཞིང་། བྱེད་སྒོའི་བརྗོད་བྱ་གཙོ་བོ་དང་། ཁྲིད་སྟོན་བསམ་བློ། དུས་ཚོད་བཀོད་སྒྲིག དྲིལ་བསྒྲགས་ནང་དོན་གཙོ་བོ་སོགས་གཏན་འཁེལ་བྱས།

ཚེས1ཉིན། རྫོང་དེའི་ཨེ་ཙི་འགོས་ནད་སྔོན་འགོག་གཞུང་ལས་ཁང་གིས་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་། རྫོང་སྤྱི་བདེ་ཅུས། རྫོང་འཕྲོད་བསྟེན་ཅུས་སོགས་དང་མཉམ་དུ“མཉམ་དུ་འགུལ་ནས‘ཨེ་ཙི་འགོས་ནད་མེད་པར་བཟོ་བའི’” བྱེད་སྒོ་སྤེལ་བ། ཁྱོན་བསྡོམས་ཨེ་ཙི་འགོས་ནད་སྔོན་འགོག་བྱེད་པའི་དཔྱད་གཞིའི་ཡིག་རིགས7000ལྷག་འགྲེམ་གཏོང་བྱས། ཚེས4ཉིན། རྫོང་དེའི་ཁྲིམས་ལུགས་ཡོངས་ཁྱབ་གཞུང་ལས་ཁང་གིས་སྣེ་ཁྲིད་བྱས་ཏེ། རྫོང་ཨུའི་སྲིད་ཁྲིམས་ཨུ་དང་། རྫོང་སྤྱི་བདེ་ཅུས། རྫོང་ཞིབ་དཔྱོད་ཁང་། རྫོང་མི་དམངས་ཁྲིམས་ཁང་སོགས་ཀྱིས་སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་དཀྱིལ་འཁོར་ཐང་ཆེན་དུ“ཤུགས་ཆེན་གྱིས་ཁྲིམས་འཛིན་དགོངས་དོན་འདོན་སྤེལ་བྱས་ནས་མཉམ་དུ་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཐབས་བྱེད་དགོས”ཞེས་བརྗོད་བྱ་གཙོ་བོར་བཟུང་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། ཡུལ་དངོས་སུ《ཞིང་པས་ཁྲིམས་ལུགས་སྦྱོང་བ་དང་ཁྲིམས་སྤྱོད་སྦྱོང་དེབ》དང་། 《ཡུན་ནན་ཞིང་ཆེན་ཁྲིམས་ལུགས་རོགས་སྐྱོར་སྲོལ་ཡིག》《སེམས་ཀྱི་ཉི་ཟླ་རྫོང་གི་གྲོང་ཁྱེར་དོ་དམ་བྱ་ཐབས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་སྐོར་བཅའ་ཁྲིམས》སོགས་དང་། ལོག་ཆོས་ལ་ངོ་རྒོལ་བྱེད་པ་དང་། བདེ་འཇགས་ཁྲིམས་ལུགས་འཛུགས་སྤེལ། དུག་དང་ཨེ་ཙི་འགོས་ནད་སྔོན་འགོག་བྱེད་པ་བཅས་ཀྱི་དཔྱད་གཞིའི་ཡིག་རིགས་ཁྱོན་བསྡོམས6000ལྷག་འགྲེམ་གཏོང་བྱས། ཚེས5ཉིན། གུང་གཞོན་ཚོགས་པ་སེམས་ཀྱི་ཉི་ཟླ་རྫོང་ཨུས་བསླབ་པ་རྒན་པའི་ཁྲིམས་རྩོད་པ་གདན་འདྲེན་ཞུས་ཏེ་སེམས་ཀྱི་ཉི་ཟླ་རྫོང་སློབ་འབྲིང་གཉིས་པའི་དགེ་སློབ120སྒྲིག་འཛུགས་བྱས་ནས་གཞོན་ནུ་དང་ལོ་ཆུང་གིས་བྱས་ཉེས་གསོག་པར་སྔོན་འགོག་བྱེད་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག