མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་སྡེ་ཁུལ་ཡོ་བསྲང་བྱེད་པའི་ལས་ཀར་ནུས་པ་ཐོན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-25 10:54

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁྲིམས་འཛིན་ཅུའུ་ཀྱིས་ནུས་པ་ཐོན་པའི་སྒོ་ནས་སྡེ་ཁུལ་གྱི་ལས་ཀ་ཚད་ལྡན་ཅན་དང་ཆེད་ལས་ཅན་དུ་གོང་སྤེལ་བཏང་ཞིང་། ཟླ9པའི་བར་དུ། ཁུལ་ཡོངས་ཀྱིས་བསྡོམས་རྩིས་བྱས་ན་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་མི991བསྡུ་ལེན་བྱས་ཏེ། ངལ་རྩོལ་བསྒྱུར་བཀོད་བྱེད་ཁོངས་ནས་གློད་པའི་མི532ཡོད་ལ། ཐོ་དེབ་ནང་འཁོད་ཡོད་པའི་ཁྲིམས་ཆད་འཁུར་བའི་མི459ཡོད། ཡང་བསྐྱར་གྱིས་ཁྲིམས་འགལ་ནག་ཉེས་བྱུང་མཁན་མེད་ལ། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་ཁག་ཐེག་བྱས།

ཁྲིམས་འཛིན་ཅུའུ་འདིས་སྡེ་ཁུལ་གྱི་ཡོ་བསྲང་ལས་བྱེད་མི་སྣ་སྒྲིག་འཛུགས་བྱས་ནས《སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱ་ཐབས》སློབ་སྦྱོང་བྱས་པ་དང་། ཁུལ་དང་རྫོང་གི་ཆེད་ལས་རྐང་འཛིན་པ་དང་ཁྲིམས་འཛིན་སུའོ་ཡི་ལས་བྱེད་མི་སྣར་གསོ་སྦྱོང་གཏོང་ཤུགས་ཆེ་རུ་བཏང་བ། སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་མིའི་ཆ་འཕྲིན་ཟིན་བྲིས་རྒྱག་པའི་ལས་ཀ་སྒྲུབ་པ། ནན་ཏན་གྱིས་སློབ་གསོ་དང་ཞིབ་བཤེར་གཏན་འབེབས་བྱེད་པ་སོགས་ལམ་ལུགས་ཁག་དོན་འཁྱོལ་བྱས་པ། ཁུལ་དང་རྫོང་རིམ་པ་ཁག་གཉིས་ཀྱིས“སློབ་གསོ་དང་ལྟ་སྐུལ། དོ་དམ། ཡིད་དབང་འགུག་པར་བྱེད་པ། སྐྱོབ་པའི”ལས་ཀའི་བསམ་ཕྱོགས་ལ་གཞིགས་ནས། ཡོ་བསྲང་བྱ་ཡུལ་གྱི་ཡིག་ཚགས་དང་འབྲེལ་ཡོད་ཟུར་བཙུགས་རྩིས་ཁྲ་བཙུགས་ཤིང་འཐུས་ཚང་དུ་བཏང་བ། ཞིབ་དཔྱོད་ལས་ཁུངས་དང་མཉམ་ལས་བྱས་ནས་རྫོང་དང་སྡེ་ཁུལ་སོ་སོར་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་། ཞིབ་འཇུག་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ། དུས་ཐོག་ཏུ་གནས་པའི་གནད་དོན་དང་མངོན་མེད་རྐྱེན་ངན་ལ་ཡོ་བསྲང་བྱས་ནས། ནུས་པ་ཐོན་པས་དོ་དམ་བྱེད་མེད་ཀྱི་གནས་ཚུལ་བྱུང་རྒྱུ་ལ་སྔོན་འགོག་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག