མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཆིའུ་ཧོས་བདེ་ཆེན་ཁུལ་དུ་བརྟག་ཞིབ་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-24 10:49


ཆིའུ་ཧོ་ཡིས་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་རྫིངས་མགོ་ཡུལ་མི་ཚོ་ཆུང་དུ་ས་ཡོམ་གྱི་གནོད་སྐྱོན་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གནས་ཚུལ་བརྟག་ཞིབ་བྱེད་པ་དང་གནོད་ཐེབས་མང་ཚོགས་ལ་བདེ་འདྲི་ཞུ་བཞིན་པ།(ཧོ་ཆི་ཀོང་གིས་པར་བླངས།)

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས11ཉིན་ནས་ཚེས13ཉིན་བར། ཡུན་ནན་ཞིང་ཆེན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཆིའུ་ཧོ་ཡིས་བདེ་ཆེན་ཁུལ་དུ་རྫོང་ཁོངས་དཔལ་འབྱོར་དང་“ཞིང་གསུམ”ལས་ཀར་བརྟག་ཞིབ་བྱེད་དུས་ནན་གྱིས་གསུངས་དོན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།བདེ་ཆེན་བོད་ཁུལ་གྱི་ས་ཁོངས་འཕེལ་རྒྱས་དང་དབུལ་སྐྱོར་མཁྲེགས་གཏོར་འཆར་འགོད་རྣམ་གྲངས་ལག་བསྟར་ཏན་ཏིག་བྱེད་པ།འཛམ་གླིང་ཐོག་མིང་གྲགས་ལྡན་པའི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་མཐོ་རུ་འདེགས་པ། རྫོང་ཁོངས་དཔལ་འབྱོར་གྱི་མཁྲེགས་གཏོར་ལས་ཀ་ཡག་པོ་སྒྲུབ་པ་བཅས་བྱས་ནས།རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་རྒྱུ་དངོས་སུ་འགྲུབ་ཐབས་བྱེད་དགོས། ཞིང་ཨུའི་དྲུང་ཆེན་གཞོན་པ་ཆན་ཧིང་དབྱི་དང་།ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་། ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཞིན་ཕིང་། ཞིང་ཨུའི་ཞིང་ལས་གཞུང་ལས་ཁང་གི་ཀྲུའུ་རེན་ལིན་ཅིན་ཧོང་སོགས་ཀྱིས་ལྷན་དུ་བརྟག་ཞིབ་བྱས་པ་རེད།

བརྟག་ཞིབ་བྱེད་དུས།ཆིའུ་ཧོ་ཡིས་གསུངས་དོན། ཐོན་ལས་ནི་རྫོང་ཁོངས་དཔལ་འབྱོར་མཆོང་སྐྱོད་འཕེལ་རྒྱས་ཀྱི་རྨང་གཞིའི་འདེགས་སྐྱོར་ཡིན་ཞིང་།མཐོ་སྒང་ཁྱད་ལྡན་ཞིང་ལས་དང་ཐོན་ཁོངས་ལས་སྣོན་གཏིང་ཟབ་བྱེད་པ།སྐྱེ་ཁམས་རིག་གནས་ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།“གྲོང་ཁྱེར་གཅིག་དང་ཆུས་གསུམ”འཛུགས་སྐྲུན་མགྱོ གས་སུ་གཏོང་བ།མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ལྗོངས་རྣམ་སྐྲུན་པ་དང་། ལས་ཞུགས་རྣམ་པ་དང་ཁྲལ་ཁུངས་རྣམ་པའི་དཔལ་འབྱོར་སྐྲུན་དགོས་ལ།དབུལ་བསྐྱུར་ཕྱུག་འགྱུར་གྱི་ལམ་བུ་ཡག་པོ་འཚོལ་དགོས། ཆིའུ་ཧོ་ཡིས་འབའ་ལུང་རྫོང་པེ་ཅི་ཞུན་ཤང་ཡུང་ཨན་གྲོང་སྡེ་དང་། འཇོལ་རྫོང་ཀོང་རྩེ་ར་རྫིངས་མགོ་གྲོང་སྡེའི་དཀའ་ངལ་ཡོད་པའི་དུད་ཚང་དང་གནོད་ཐེབས་དུད་ཚང་ལ་བདེ་འདྲི་ཞུ་དུས་ཡང་ཡང་ནན་མངག་བྱས་དོན། རང་ས་གནས་ཀྱི་ལས་བྱེད་པས་ངེས་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་དང་གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་དགོས།

རྫོང་མཁར་གྱི་འཆར་འགོད་འཛུགས་སྐྲུན་ལས་ཀར་བརྟག་ཞིབ་བྱེད་དུས།ཆིའུ་ཧོ་ཡིས་ནན་གྱིས་གསུངས་དོན། ཡང་དག་པའི་འཕེལ་རྒྱས་བསམ་ཕྱོགས་དེ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་དང་འཆར་འགོད་ཡག་པོ་ཞིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། གྲོང་རྡལ་འཛུགས་སྐྲུན་དེ་ལམ་འཁྱོག་མི་འགྲོ་ཐབས་བྱེད་དགོས་ལ། གྲོང་ཁྱེར་གྱི་འཆར་འགོད་ལ་དོ་སྣང་བྱེད་པ་དང་། བོད་ཁུལ་མི་རིགས་རིག་གནས་ཀྱི་རྒྱུ་གཙོ་བོ་དེ་རུ་འདུས་སུ་འཇུག་པ་དང་།རིག་གནས་ཀྱི་ཡུལ་སྐོར་ཐོན་ཁུངས་གསར་པ་གསོ་སྐྱོང་བྱེད་དགོས།

བརྟག་ཞིབ་བྱེད་དུས། ཆིའུ་ཧོ་ཡིས་རང་ཁུལ་གྱི་རྫོང་ཁོངས་དཔལ་འབྱོར་དང་“ཞིང་གསུམ”ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་རེད།ཁོང་གིས་ནན་གྱིས་གསུངས་དོན། འཕེལ་རྒྱས་དང་བརྟན་ལྷིང་དོན་ཆེན་འདི་གཉིས་ལ་དམ་འཛིན་བྱས་ནས།འཆར་འགོད་དམ་པོ་བྱས་ཏེ་གྲོང་རྡལ་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་ཁྲིད་སྟོན་བྱེད་པ་དང་། ཐོན་ལས་སྤེལ་ནས་མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།རིག་གནས་འཕེལ་རྒྱས་བཏང་ནས་བོད་ཁུལ་གྱི་ཡུལ་སྲོལ་གོམས་འདྲིས་ཕྱིར་མཚོན་པ།བདག་སྐྱོང་བྱེད་རྒྱུར་དོ་སྣང་བྱས་ནས་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་བྱེད་པ།དམངས་འཚོ་ལ་ཁེ་ཕན་སྤྲད་ནས་མང་ཚོགས་ལམ་ཕྱོགས་ལག་བསྟར་ཡག་པོ་བྱེད་པ།གནས་བབ་བཟང་པོ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཡག་པོ་འཛུགས་ཏེ། བདེ་ཆེན་འདི་ཉིད་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དཔེ་སྟོན་ཁུལ་དུ་འཛུགས་པར་འབད་བརྩོན་བྱེད་དགོས།

ཞིང་ཆེན་འཕེལ་སྒྱུར་ཨུ་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཨུ།ཞིང་ཆེན་ནོར་སྲིད་ཐིང་།ཞིང་ཆེན་ཞིང་ལས་ཐིང་།ཞིང་ཆེན་སྡོད་ཁང་གྲོང་རྡལ་གྲོང་གསེབ་འཛུགས་སྐྲུན་ཐིང་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་མ་ཝུན་ལུང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་དཔོན་གཞོན་པ་ནོར་བུ་གཡང་འཛོམས་སོགས་བརྟག་ཞིབ་ཏུ་ཞུགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག