མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་དང་འབའ་ལུང་རྫོང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སློབ་སྦྱོང་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-24 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གི་རྫོང་ཨུས་ཏང་གི་སློབ་གྲྭའི་དགེ་རྒན་སྒྲིག་འཛུགས་བྱས་ཤིང་རྫོང་ཡོངས་ཀྱི་ཤང་6དང་གྲོང་རྡལ2དང་། རྫོང་ཐད་གཏོགས་ལས་ཁུངས་སོགས་སུ་ཟབ་ཞུགས་བྱས་ནས་སྐོར་སྐྱོད་ངང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པས། ཁྱོན་བསྡོམས་མི་ཐེངས1616བྱེད་སྒོར་ཞུགས་པ། དགེ་རྒན་རྣམས་ཀྱིས་ནན་ཏན་ངང་སྒྲོག་འགྲེལ་བྱས་པ་དང་ཤང་གྲོང་ཁག་གིས་ཧུར་ཐག་ངང་མཉམ་ལས་བྱས་ནས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱེད་པ་དང་། དོན་དངོས་ལ་ཁྲིད་སྟོན་བྱེད་པ། ལས་ཀར་སྐུལ་སྤེལ་གཏོང་བའི་གྲུབ་འབྲས་ཐོབ་ཡོད་པ་རེད།

བསྟུད་མར་ཉིན་ཤས་རིང་ལ། འབའ་ལུང་རྫོང་སྡེ་ཁག་སོ་སོས་བྱ་ཐབས་སྣ་མང་སྤྱད་དེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱས་པ། སློབ་སྦྱོང་གི་ཕན་འབྲས་ཐོབ་པའི་ཆེད་དུ། ལས་ཁུངས་སོ་སོས་ཆེད་དོན་དུ་《སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སློབ་སྦྱོང་དཔྱད་ཡིག》པར་རྒྱག་ནས་ལས་བྱེད་པ་དང་ལས་བཟོའི་ལག་ཏུ་སྤྲད་པ། འབའ་ལུང་རྫོང་ཨུའི་གཞུང་ལས་ཁང་གིས་ད་དུང་སློབ་སྦྱོང་བྱེད་སྒོ་ལ་བླང་བྱ་བཏོན་དོན། འགོ་ཁྲིད་ཚོ་ཆུང་གིས་དཔེ་སྟོན་བྱེད་དེ། མིག་སྔའི་ལས་ཀའི་དངོས་ཡོད་དང་ཟུང་འབྲེལ་བྱས་ཤིང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། ནུས་ཤུགས་གང་ཡོད་ཀྱིས་ལོ་ཡོངས་ཀྱིས་དམིགས་འབེན་ལས་འགན་ལེགས་གྲུབ་བྱེད་ཅིང་སང་ལོའི་ལས་ཀའི་འཆར་གཞི་འགོད་དགོས། ཚང་འཛོམས་གྲོས་ཚོགས་ཀྱིས་དགོངས་དོན་སློབ་སྦྱོང་བྱེད་པར་ལས་ཀའི་སྤྱོད་ཚུལ་བརྗེ་བ་དང་ཟུང་འབྲེལ་བྱས་ནས། བསམ་བློ་བཅིངས་འགྲོལ་གཏོང་བ་དང་བདེན་འཚོལ་གསར་གཏོད་ལ་ཏང་གི་ལས་དོན་དང་། བྱེད་སྒོ། དཔུང་སྡེའི་འཛུགས་སྐྲུན་བཅས་མངའ་ཁོངས་སོ་སོར་ཁྱབ་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག