མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་དང་འདབ་པའི་བར་གྱི་གཞུང་ལམ་བཟོ་འགོ་ཚུགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-24 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས16ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ནས་སི་ཁྲོན་ཞིང་ཆེན་འདབ་པ་རྫོང་བར་གྱི་གཞུང་ལམ་བཟོ་འགོ་ཚུགས་པའི་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་ནང་གསལ་གྲོང་སྡེའི་སྐར་དམར་རྡོ་བརྐོ་རའི་ཉེ་འགྲམ་ནས་འཚོགས།

ཤེས་རྟོགས་བྱུང་བར་གཞིགས་ན།སེམས་ཀྱི་ཉི་ཟླ་ནས་འདབ་པའི་བར་གྱི་གཞུང་ལམ་གྱི་རིང་ཚད་ནི་སྤྱི་ལེ་135.1ཡོད་ལ།ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་21.9གཏོང་རྒྱུ་རེད།གཞུང་ལམ་གྱི་ལམ་གཞིའི་རྒྱ་ཞེང་སྨི་7.5དང་།ལམ་ངོས་ཀྱི་རྒྱ་ཞེང་སྨི་7.5ཇུས་འགོད་བྱས་ཡོད་ལ།རླངས་འཁོར་བགྲོད་པའི་མྱུར་ཚད་ཆུ་ཚོད་གཅིག་ལ་སྤྱི་ལེ་30ཡིན་པའི་ཇུས་འགོད་བྱས་ཡོད།གཞུང་ལམ་དེ་རྒྱལ་ཐང་གྲོང་རྡལ་ནས་འགོ་ཚུགས་ཤིང་ལམ་བར་དུ་སྐད་ཚག་ཤང་དང་ཧོར་སྟེང་སྒང་ལ་ཁར་བརྒྱུད་ཡོད་ལ།སི་ཁྲོན་ཞིང་ཆེན་འདབ་པ་རྫོང་S216ལམ་ཐིག་གི་འདབ་པ་ནས་སྟོང་ཉེ་གཞུང་ལམ་གྱི་གཟིགས་བ་ཟམ་པར་མཚམས་ཆད་པ་རེད།གཞུང་ལམ་དེ་ནི་སེམས་ཀྱི་ཉི་ཟླ་རྫོང་ས་ཁོངས་ནང་གི་གལ་ཆེའི་དཔལ་འབྱོར་གཞུང་ལམ་ཞིག་ཡིན་ཞིང་།བདེ་ཆེན་ཁུལ་གྱི་བྱང་རྒྱུད་དང་སི་ཁྲོན་ཞིང་ཆེན་ལ་འབྲེལ་བའི་གལ་ཆེའི་ཕྱིར་འདྲེན་ལམ་ཆེན་ཞིག་ཡིན་ལ།སེམས་ཀྱི་ཉི་ཟླ་རྫོང་དང་འདབ་པ་རྫོང་བར་གྱི་གལ་ཆེའི་འགྲིམ་འགྲུལ་ལམ་ཆེན་ཞིག་དང་ཏན་ཁྲོན་བོད་བཅས་ཞིང་ལྗོངས་གསུམ་གྱི་འགྲིམ་འགྲུལ་དྲ་བའི་གཞུང་ལམ་གཙོ་བོའི་གལ་ཆེའི་ཁ་གསབ་ལམ་ཆེན་ཞིག་ཀྱང་ཡིན།

ལས་གྲྭ་དེ་དུས་ཡུན་ཁག་གསུམ་དུ་བགོས་ཡོད་དེ།དུས་ཡུན་དང་པོའི་ལས་གྲྭ་ནི་སེམས་ཀྱི་ཉི་ཟླ་རྫོང་མཁར་ནས་ཕར་གྲོང་སྡེའི་བར་གྱི་ལམ་དུམ་ཡིན་ཞིང་།བཟོ་སྐྲུན་རིང་ཚད་ནི་སྤྱི་ལེ་45ཡིན་ལ།ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་3.4གཏོང་རྒྱུ་ཡིན་པ།དུས་ཡུན་གཉིས་པའི་ལས་གྲྭ་ནི་ཕར་གྲོང་སྡེ་ནས་ཐུད་བཟོ་གྲྭའི་བར་གྱི་ལམ་དུམ་ཡིན་པ།དུས་ཡུན་གསུམ་པའི་ལས་གྲྭ་ནི་ཐུད་བཟོ་གྲྭ་ནས་གཟིགས་བ་ཟམ་པའི་བར་གྱི་ལམ་དུམ་ཡིན།དུས་ཡུན་དང་པོའི་ལས་ཡུན་ནི་གནས་སྐབས་སུ་ལོ་2བཀོད་སྒྲིག་བྱས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག