མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཁུན་མིང་དང་བདེ་ཆེན་གྱིས་མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-24 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས10ཉིན། ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དང་བདེ་ཆེན་ཁུལ་གྱིས་མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་ལྷ་ཡུལ་ཞིང་མཆོག་མགྲོན་ཁང་དུ་འཚོགས་པ། ཁུན་མིང་གྲོང་ཁྱེར་གྱི་གཙོ་འཛིན་གཞོན་པ་ཝང་ཁྲོན་ཡན་དང་ཁུལ་ཨུའི་རྒྱུན་ཨུ་དང་། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཧྲུའུ་ཅི་ཡུས་ཧྲིན་ཞང་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་བ་རེད།

གྲོས་ཚོགས་ཐོག ཝང་ཁྲོན་ཡན་གྱིས་བསྟན་དོན། ཁུན་མིང་གྲོང་ཁྱེར་ཏང་དང་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླ་རྫོང་གི་རོགས་སྐྱོར་རྣམ་གྲངས་ཁག་ལ་མཐོང་ཆེན་བྱས་ནས། སྔར་ལས་ལྷག་པར་ཁུན་མིང་དང་བདེ་ཆེན་གྱིས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བའི་རེ་བ་བཏོན་པ་རེད།

ཡུས་ཧྲིན་ཞང་གིས་ཁུན་མིང་དང་བདེ་ཆེན་གྱིས་མཉམ་ལས་བྱས་པའི་ལོ་རྒྱུས་ལ་དྲན་གསོ་བྱས་ནས། ཁུལ་མིང་ཧྲི་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་ཡུན་རིང་པོའི་ཚུན་དུ་སེམས་ཁུར་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས།

སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་གི་འགན་ཁུར་བས་ཁུན་མིང་དང་བདེ་ཆེན་གྱིས་མཉམ་ལས་བྱས་པའི་རྣམ་གྲངས་ཀྱི་སྐུལ་འདེད་གནས་ཚུལ་སྙན་སེང་ཞུས་པ། ཁུན་མིང་གྲོང་ཁྱེར་དངུལ་འཇོག་སྐུལ་འདེད་ཅུས་ཀྱི་འགན་འཁུར་བས2013ལོའི་རོགས་སྐྱོར་མཉམ་ལས་རྣམ་གྲངས་དང་དངུལ་རྩའི་གནས་ཚུལ།“ལོ་ལྔ་ཚན་བཅུ་གཉིས་པའི”རྗེས་ཀྱི་ལོ་གཉིས་ཀྱི་ལས་ཀའི་འཆར་གཞི་སྙན་སེང་ཞུས་པ། ཁུལ་ཕྱི་དོན་དང་ཚོང་དོན་ཅུས་ཀྱི་འགན་འཁུར་བས2013ལོའི་ཁུན་མིང་དང་བདེ་ཆེན་གྱིས་མཉམ་ལས་རྣམ་གྲངས་ལག་བསྟར་བྱས་པའི་གནས་ཚུལ་སྙན་སེང་ཞུས་པ། རྒྱལ་ཐང་གྲོང་རྡལ་གྱི་འགན་འཁུར་བས“མཛེས་པའི་གྲོང་གསེབ”རྣམ་གྲངས་ཀྱི་དུས་སྔོན་ལས་ཀའི་གནས་ཚུལ་དང་རྗེས་མའི་ལས་ཀའི་འཆར་གཞི་སྙན་སེང་ཞུས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག