མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པ་དུས་རབས་མདུན་ཕྱོགས་ཀྱི་ཤེས་བྱའི་ཆེད་དོན་འཆད་ཁྲིད་ཐེངས74ཞུགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-24 10:45

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས9ཉིན། ཡུན་ནན་ཞིང་ཆེན་འགོ་ཁྲིད་ལས་བྱེད་པའི་དུས་རབས་མདུན་ཕྱོགས་ཀྱི་ཤེས་བྱའི་ཆེད་དོན་འཆད་ཁྲིད་ཐེངས74ཁུན་མིང་དུ་ཁྲིད་པ་རེད། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ལི་དབྱང་གིས་གདན་འདྲེན་དང་ལེན་བྱས་ནས《སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གཏན་འབེབས་ཁྲོད་ཀྱི་དཔལ་འབྱོར་ལམ་ལུགས་བསྒྱུར་བཅོས་བྱེད་པའི་གྲོས་དོན》གྱི་ཆེད་དོན་སྙན་ཞུ་གནང་བ་རེད།

ཤེས་གསལ་བྱུང་དོན། ལི་དབྱང་གིས་ད་ལྟར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་དང་། དངུལ་རྩའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་། དངུལ་རྩའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། ཞིབ་འཇུག་བྱེད་མཁན་དང་འབུམ་རམས་པའི་དགེ་རྒན་བཅས་ཀྱི་གོ་གནས་བཟུང་ཡོད། ཁོང་ནི་རྒྱལ་ཁབ་རིམ་པའི་བྱས་རྗེས་འབུར་དུ་ཐོན་པའི་དར་མ་དང་གཞོན་ནུའི་མཁས་པ་ཞིག་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་གསལ་གྱི་ཕོགས་སྣོན་ལོངས་སུ་སྤྱོད་བཞིན་ཡོད།

ཉིན་དེར། ལི་དབྱང་གིས་རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་སྐུལ་འདེད་གཏོང་བ་དང་། གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ། ཚོང་ར་དང་སྲིད་གཞུང་བར་གྱི་འབྲེལ་བ་ལེགས་སུ་གཏོང་བ་སོགས་ཕྱོགས7ནས། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གཏན་འབེབས་ཁྲོད་ཀྱི་དཔལ་འབྱོར་ལམ་ལུགས་བསྒྱུར་བཅོས་བྱེད་པའི་གྲོས་དོན་གྱི་ནང་དོན་དང་སྙིང་བཅུད་ཞིབ་ཕྲའི་ངང་འགྲེལ་བཤད་བརྒྱབ་པ་དང་། མིག་སྔར་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་དཔལ་འབྱོར་བསྒྱུར་བཅོས་བྱེད་པར་གཏིང་ཟབ་ཀྱིས་དབྱེ་ཞིབ་བྱས་པ་མ་ཟད། ད་དུང་རང་རྒྱལ་གྱིས་དངུལ་རྩ་བསྒྱུར་བཅོས་བྱེད་པའི་ལོ་རྒྱུས་ཀྱི་ལམ་བུ་ལ་དབྱེ་ཞིབ་བྱས་པ་རེད།

ཁུལ་རིམ་པའི་ཐད་གཏོགས་ལས་ཁུངས་དང་ཁེ་ལས། བྱ་གཞག་ལས་ཁུངས། ཞིང་ཆེན་རིམ་པའི་ཁུལ་དུ་བཅའ་སྡོད་བྱེད་པའི་ལས་ཁུངས། བདེ་ཆེན་དུ་བཅའ་སྡོད་བྱེད་པའི་དམག་དཔུང་གི་ཁྲུའུ་གཞོན་པ་ཡན་གྱི་འགོ་ཁྲིད་བདེ་ཆེན་ཡན་ལག་ཚོགས་ར་རུ་ཞུགས་ནས་སློབ་སྦྱོང་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག