མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གིས་གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་དམ་འཛིན་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-24 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གིས་གཞི་རིམ་དམ་འཛིན་བྱེད་པ་དང་རྨང་གཞི་འདིང་བ། ལས་ཡུལ་འཛུགས་པ་བཅས་བརྒྱུད་ནས། གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།

ཏང་ཡོན་རུ་ཁག་གི་བྱང་ཚད་མཐོ་རུ་གཏོང་བ། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་ལ་གཞིགས་ནས། རྫོང་ཡོངས་ཀྱིས2013ལོའི་ཏང་ཡོན་སློབ་གསོའི་གསོ་སྦྱོང་འཆར་གཞི་བཀོདད་པ་དང་། སྔར་ལས་ལྷག་པར་གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པ་ལ་དེང་རབས་ཀྱི་རྒྱང་གཏོང་སློབ་གསོ་བྱེད་པའི་ལས་ཀ་ཡག་པོ་སྒྲུབ་པ། ཏང་དོན་སྒྲུབ་མཁན་གྱི་ལས་ཞུགས་གསོ་སྦྱོང་སོགས་ཀྱི་ལམ་ལུགས་ལག་ལེན་བྱས་ནས། ཏང་སྲིད་ལས་བྱེད་པ་དང་ཆེད་ལས་ལག་རྩལ། ཁེ་ལས་ཀྱི་དོ་དམ་བྱེད་མཁན200ལ་གསོ་སྦྱོང་བྱས་པ་རེད།

གཞི་རིམ་རྩ་འཛུགས་ཀྱི་སྐྱེ་སྟོབས་ཆེ་རུ་བཏང་བ། རྫོང་འདིས་རྒྱུན་མཐུད་ཀྱིས“ལྔ་ལེགས”གཞི་རིམ་ཏང་རྩ་འཛུགས་དང་“སྣེ་ཁྲིད་སྣ་ལྔ” ཡི་ཏང་ཡོན་རུ་ཁག་གི་གསར་འཛུགས་བྱེད་སྒོ་སྤེལ་བ། ད་ལོར་ཡུལ་མི་ཚོ་ཆུང་20རུ་ཀྲི་པུའུ་ཡི་བྱེད་སྒོ་སྤེལ་ས་གསར་འཛུགས་ལ་བཀོད་སྒྲིག་བྱས་པ་དང་། སྡེ་ཁུལ་གྱི་བྱེད་སྒོ་སྤེལ་ས2བཙུགས་པ། ཤང་དང་གྲོང་རྡལ8ཀྱི་ཞིང་པའི་ཕྱོགས་བསྡུས་ཞབས་འདེགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།

མི་དམངས་ལ་ཞབས་འདེགས་བྱེད་ཤུགས་ཇེ་ཟབ་ཏུ་བཏང་བ། གྲོང་གསེབ་ལ་ཞབས་འདེགས་ཞུ་བ་དང་། ཞིང་པ་ལ་ཞབས་འདེགས་ཞུ་བའི་ལས་ཀའི་སྟེགས་བུ་བཙུགས་ནས། རྫོང་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཁྲོད་དུ་ཏང་ཡོན་གྱི་སྒྲུབ་རྒྱུ་ཁས་ལེན་ལམ་ལུགས་དང་འབྲེལ་གཏུག་དབུལ་སྐྱོར་བྱེད་པ། ཏང་ཡོན་དང་བླངས་པ། ཏང་ཡོན་གྱིས་འོས་འགན་ངལ་རྩོལ་བྱེད་པ་སོགས་བྱེད་སྒོ་སྤེལ་ནས། སྔར་ལས་ལྷག་པར་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་རྒྱ་ཆེར་སྐྱེད་པ་རེད།

དཔེར་འོས་ཀྱིས་དཔེ་སྟོན་ནུས་ཤུགས་འདོན་སྤེལ་བྱས་པ། རྫོང་འདིས་སློབ་ཆུང་གཉིས་པ་སོགས་ཁྱད་ཆོས་ལྡན་པ་དང་ནུས་ཤུགས་འདོན་སྤེལ་བྱེད་ཐུབ་པའི་གཞི་རིམ་ཏང་འཛུགས་ཀྱི་སྔོན་ཐོན་དཔེར་འོས་ཁག4གསོ་སྐྱོང་བྱས་པ་དང་། རྒྱུན་མཐུད་ཀྱིས་ཞིང་ཆེན་རིམ་པ1དང་། ཁུལ་རིམ་པ2 རྫོང་རིམ་པ30ཡི་གཞི་རིམ་ཏང་འཛུགས་དཔེར་འོས་ས་ཚིགས་ཀྱི་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས། གང་ལེགས་ཀྱིས་དཔེར་འོས་ཀྱིས་སྣེ་ཁྲིད་བྱེད་ཤུགས་འདོན་སྤེལ་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག