མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་བོད་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-24 10:45

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཞིང་པའི་ཆ་སྙོམས་འབབ་སྨར་2010ལོའི་སྒོར་3347ནས་2012ལོའི་སྒོར་4769ལ་འཕར་ཡོད་ལ།སློབ་ལོ་རན་པའི་བྱིས་པའི་སློབ་ཞུགས་ཚད་95%ཡས་ཟིན་པ།རྫོང་གསུམ་གྱི་ལྟེ་བའི་གྲོང་མཁར་གྱི་སྒྲོམ་གཞི་རགས་ཙམ་འཛུགས་ཚར་བ།སྐམ་ཚའི་རོང་ཁུལ་གྱི་རྒུན་རག་ཐོན་ལས་དང་མཐོ་སྒང་གི་ཕྱུགས་ལས་སོགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཆེན་མོ་བྱུང་བ།སྐྱེ་ཁམས་ཡུལ་མིའི་གནས་སྤོའི་ལས་གྲྭ་གོམ་བརྟན་ངང་མདུན་དུ་སྤེལ་བ་སོགས་ཀྱི་ཐོག་ནས་རང་ཞིང་ཆེན་གྱིས་ཤུགས་ཆེས་བདེ་ཆེན་བོད་ཁུལ་གྱི་ས་ཁོངས་འཕེལ་རྒྱས་དང་དབུལ་སྐྱོར་མཁྲེགས་གཏོར་གྱི་འཆར་འགོད་ལག་བསྟར་བྱེད་པའི་ཆོད་སེམས་དང་དབུལ་སྐྱོར་གནད་དུ་འཁེལ་བ་བྱས་པའི་དམངས་ཕན་ཕན་འབྲས་མཚོན་ཐུབ་པ་རེད།

ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་གིས་ངོ་སྤྲོད་བྱས་ཚུལ་ལ་གཞིགས་ན།ཉེ་བའི་ལོ་འགའི་རིང་ལ།འཆར་འགོད་ལག་བསྟར་བྱས་པར་བརྒྱུད་ནས།བདེ་ཆེན་བོད་ཁུལ་གྱི་དཔལ་འབྱོར་འཕེལ་ཤུགས་སྟོབས་ལྡན་ཡིན་ཞིང་།ཁུལ་ཡོངས་ཀྱི་ཐོན་རྫས་རིང་ཐང་བསྡོམས་འབོར་དེ་2010ལོའི་སྒོར་དུང་ཕྱུར་77.1ནས་2012ལོའི་སྒོར་དུང་ཕྱུར་113.6ལ་འཕར་ཡོད་དེ།ལོ་རེའི་ཆ་སྙོམས་འཕར་ཚད་21.38%ཟིན་ཡོད།གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་2011ལོའི་ཁྲི་19.91ནས་ཉུང་དུ་བཏང་སྟེ་2012ལོའི་ཁྲི་17.7དུ་གྱུར་པ།མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་བཏང་ཞིང་།ཤུགས་ཆེས་གྲོང་སྡེ་དང་ཚོ་ཆུང་ནང་གི་འགྲོ་ལམ་གྱི་མཁྲེགས་འགྱུར་ལས་གྲྭ་དང་གྲོང་གསེབ་ཀྱི་སྐྱེ་ཁམས་ནུས་ཁུངས།བདེ་སྡོད་ཁང་པ་དང་སྐྱེ་ཁམས་ཡུལ་མིའི་གནས་སྤོའི་ལས་གྲྭ་ལག་བསྟར་བྱས་པ།ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་།སྔ་རྗེས་སུ་སྟར་ག་དང་ནས།དུ་ལོ་སོགས་ཁྱད་ལྡན་ཐོན་ལས་ཀྱི་རྟེན་གཞི་རྒྱ་ཁྱོན་མུའུ་ཁྲི་106བཙུགས་པ།གཡག་དང་བོད་ཕག་སོགས་ཁྱད་ལྡན་བྱ་ཕྱུགས་གསོ་སྤེལ་ཐོན་ལས་ཀྱི་རྟེན་གཞི་བཙུགས་ནས།དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་འཕར་ཐབས་བྱས་པ།སྤྱི་ཚོགས་བྱ་གཞག་འཛུགས་སྐྲུན་ཇེ་མགྱོ གས་སུ་བཏང་བ།སེམས་ཀྱི་ཉི་ཟླའི་མཐོ་རིམ་སློབ་འབྲིང་དང་སེམས་ཀྱི་ཉི་ཟླའི་སྨན་ཁང་སོགས་སློབ་གསོ་དང་།འཕྲོད་བསྟེན་སོགས་རྨང་གཞིའི་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་ལས་གྲྭ་མུ་མཐུད་དུ་འཛུགས་ཡོད་ལ།གྲོང་རྡལ་དང་གྲོང་གསེབ་སྡོད་དམངས་ཀྱི་རྒན་གསོའི་ཉེན་འགོག་འགན་ལེན་དུ་ཞུགས་ཚད་99%ཟིན་པ།གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲི་11.28ལ་ཆེས་དམའི་འཚོ་བའི་འགན་ལེན་ཁ་གསབ་སྤྲད་པ།སྐྱེ་ཁམས་དཔལ་ཡོན་སྔོན་ཐོབ་ཏུ་འཕེལ་རྒྱས་བཏང་བ།“ཚོན་མདངས་རྣམ་པར་བཀྲ་བའི་ཡུན་ནན་སྲུང་སྐྱོང་བྱ་འགུལ”གཏིང་ཟབ་ཏུ་སྤེལ་བ།དགེ་མཚན་ལྡན་པའི་ངང་སྐྱེ་ཁམས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་གྲྭ་ལག་བསྟར་བྱས་པ།ནགས་ཚལ་གྱི་ཁྱབ་ཚད་75%ཟིན་ཡོད་པ་དང་།རྒྱུན་སྲིང་འཕེལ་རྒྱས་གཏོང་ནུས་མུ་མཐུད་དུ་ཆེ་རུ་བཏང་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག