མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་གིས་གཞི་རིམ་དུ“འགན་གཙང་ལེན་བཞིའི”ལས་བྱེད་མི་སྣ680ལྷག་མངགས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-12-23 10:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གིས་ས་འགུལ་གནོད་ཐེབས་ས་ཁུལ་གྱི་གནོད་ཕྱིའི་བསྐྱར་འཛུགས་བྱ་བའི་ཁྲོད“འགན་གཙང་ལེན་བཞིའི”དང“འགན་ཁུར་དྲུག”གི་འགན་ཁུར་ལམ་ལུགས་ལག་བསྟར་བྱས་པ་དང་།  མིག་སྔའི་བར་བསྡོམས་པས་ལས་བྱེད་མི་སྣ680ལྷག་མངགས་ཏེ་གནོད་ཐེབས་ས་ཁུལ་གྱི་གནོད་ཕྱིའི་བསྐྱར་འཛུགས་བྱ་བར་རོགས་སྐྱོར་བྱས།  གཞི་རིམ་དུ་མངགས་པའི་ལས་བྱེད་པས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་དྲུག  སྲིད་འཛིན་སྡེ་བ42།  སྡེ་མི་ཚན་ཆུང475ཡི་གནོད་ཕྱིའི་བསྐྱར་འཛུགས་ཁྲོད“འགན་གཙང་ལེན་བཞི”ལག་བསྟར་བྱས་པ་དང་།  རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཤང་དང་གྲོང་རྡལ། གཙོ་གནད་སྡེ་བའི་གནོད་ཕྱིའི་བསྐྱར་འཛུགས་དང་།  རྫོང་རིམ་པའི་འགོ་ཁྲིད་གཞན་དག་གིས་སྲིད་འཛིན་སྡེ་བའི་གནོད་ཕྱིའི་བསྐྱར་འཛུགས།  ཁོ་རིམ་པའི་འགོ་ཁྲིད་ཀྱིས་སྡེ་མི་ཚན་ཆུང་གི་གནོད་ཕྱིའི་བསྐྱར་འཛུགས་དང་རྫིང་དང་ཤང་གི་སྤྱིར་བཏང་ལས་བྱེད་པས་དུད་ཁྱིམ་གྱི་གནོད་ཕྱིའི་བསྐྱར་འཛུགས་བྱ་བ་བཅས་ལ་འགན་གཙང་ལེན་བྱེད་པ་དང་དུས་མཚུངས་སུ། “འགན་ཁུར་དྲུག”ལག་བསྟར་བྱས་པ་དང་།  གཙོ་བོར་སྲིད་ཇུས་དྲིལ་བསྒྲགས་དང་མང་ཚོགས་ཀྱི་བསམ་ཚུལ།  གནོད་ཐེབས་མང་ཚོགས་བཀོད་སྒྲིག  དམངས་སྡོད་ཁང་པ་བསྐྱུར་སྐྲུན།  གནོད་འཚེ་ཐེབས་ཚུལ་ལྟ་ཞིབ་དང་གནོད་ཐེབས་ས་ཁུལ་གྱི་བདེ་འཇགས་བཅས་ལ་འགན་ཁུར་བ་རེད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག