མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་དམངས་སྲིད་རྣམ་གྲངས་ལག་བསྟར་བྱས་ཏེ་དམངས་ཀྱི་འཚོ་བ་ལེགས་བཅོས་བྱས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-12-23 10:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་དམངས་སྲིད་ཅུའུ་ཡིས་ཚན་རིག་གི་འཕེལ་རྒྱས་ལྟ་བའི་བླང་བྱ་ལྟར།  སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་ལས་དོན།  མཁར་གྲོང་གཞིས་ཁུལ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་།  ཧུར་ཐག་སྒོས་དམངས་ཀྱི་འཚོ་བ་ལེགས་བཅོས་བྱས་པ་བརྒྱུད།  སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ལ་སྐུལ་འདེད་ཐོབ།

 གསར་དུ་སྐྲུན་པའི་འབའ་ལུང་རྫོང་སྤྱི་ཚོགས་ཕན་བདེ་ལྟེ་གནས་ལ་སྤྱིའི་མ་དངུལ་སྒོར་ཁྲི1000བཏང་ཞིང་།  མིག་སྔར་བཟོ་འགོད་གཙོ་གནད་ལེགས་འགྲུབ་བྱུང་ཡོད།  མ་དངུལ་སྒོར་ཁྲི500བཏང་སྟེ་ཞིང་སྡེའི་རྒན་གསོ་མ་ལག་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དང་།  འཛུགས་སྐྲུན་སྔོན་གྱི་བརྟག་དཔྱད་བྱས་ཚར་ཡོད་པ་བཅས་པའོ་ཧུ་གྲོང་རྡལ་གཞིས་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་པའོ་ཧུ་གྲོང་རྡལ་པའེ་ཧུ་རི་བོའི་གཞིས་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སོགས་འཛུགས་སྐྲུན་རྣམ་གྲངས་ལེགས་འགྲུབ་བྱུང་ཡོད་པ་མ་ཟད་བཀོལ་སྤྱོད་བྱེད་འགོ་བརྩམས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག