མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་ཟས་རིགས་དང་སྨན་རྫས་ལྟ་ཞིབ་དོ་དམ་ཅུའུ་ཡིས་ལས་ཀ་ཕྱོགས་ཀྱི་ཤེས་བྱའི་གསོ་སྦྱོང་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-12-23 10:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་ཟས་རིགས་དང་སྨན་རྫས་ལྟ་ཞིབ་དོ་དམ་ཅུའུ་ཟས་རིགས་ཚོང་རའི་དོ་དམ་ཁང་དང་།  ལུས་ཁམས་བདེ་སྲུང་དང་མཛེས་སྤྲས་ཐོན་རྫས་ལྟ་ཞིབ་དོ་དམ་ཁང་བཅས་ཀྱི་ཁྲིམས་འཛིན་མི་སྣས《ཟས་རིགས་བདེ་འཇགས་བཅའ་ཁྲིམས》ལ་གཞིར་བྱས་ནས་གསོ་སྦྱོང་བྱས།

 གསོ་སྦྱོང་ལས་གཞུང་ལུགས་དང་ལག་ལེན་གཉིས་ཟུང་དུ་སྦྲེལ་བའི་རྩ་དོན་ལྟར།  གནད་དོན་བཟུང་ནས་སློབ་སྦྱོང་བྱེད་པ་དང་།  དུས་རྒྱུན་དུ་གནས་བའི་གནད་དོན་དང་ཐག་གཅོད་བྱེད་དཀའ་བའི་གནད་དོན་སོགས་གཙོར་བྱས་ནས།  བྱ་བའི་ཁྲོད་བཀོལ་སྤྱོད་བྱེད་བཞིན་པའི་རྒྱུན་ལྡན་གྱི་ཁྲིམས་ལུགས་སྲོལ་ཡིག་འགྲེལ་བཤད་བྱས་པ་བརྒྱུད།  ཁྲིམས་ལུགས་ཀྱི་འདུ་ཤེས་ཇེ་མཐོར་སོང་བ་དང་།  ཁྲིམས་འཛིན་གྱི་བྱ་སྤྱོད་ཚད་ལྡན་ཡིན་པ།  ལས་ཀའི་ཆུ་ཚད་དང་བྱ་བའི་ནུས་ཤུགས་མཐོར་འདེགས་སུ་སོང་།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག