མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བུའེ་ཏུན་ཤང་གིས་ཏང་གི་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-12-21 12:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ12པའི་ཚེས17ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་དྲིལ་བསྒྲགས་པུའུ་ཡིས་རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་དང་ལས་འཁྱེར་ངལ་གསོ་བྱས་ཡོད་པའི་ལས་བྱེད་མི་སྣ་གདན་ཞུ་བྱས་ཏེ།  འབའ་ལུང་རྫོང་བུའེ་ཏུན་ཤང་དུ་ཏང་གི་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འབྲེལ་བྱས།

སྒྲོག་འགྲེལ་ཚོགས་འདུ་ལས《ཀྲུང་གུང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བཅོས་བསྒྱུར་བྱེད་པའི་གནད་དོན་གཙོ་གནད་འགའི་ཆོད་དོན》སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་གཙོར་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་དགོངས་དོན་འགའ་དང་ཟུང་འབྲེལ་བྱས་པ་བརྒྱུད། གཏིང་ཟབ་མོའི་ངང་ཏང་གི་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་དོན་སྙིང་གལ་ཆེན་དང་།  ནང་དོན་གཙོ་བོ།  རྩ་བའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་བཅོས་བསྒྱུར་བྱེད་པའི་མཛུབ་སྟོན་བསམ་བློ་དང་སྤྱིའི་དམིགས་འབེན།  རྩ་དོན་དང་བཀོད་སྒྲིག་གཙོ་གནད་སོགས་སློབ་སྦྱོང་བྱས་པ་མ་ཟད།  བུའེ་ཏུན་ཤང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས།  ཁྱིམ་ཐོ་ལག་ལུགས་བཅོས་བསྒྱུར་དང་མཁར་གྲོང་ངོ་བོ་གཅིག་ཅན་གྱི་འཕེལ་རྒྱས།  སྤྱི་ཚོགས་འགན་སྲུང་སྲིད་ཇུས་སོགས་འགྲེལ་བཤད་བྱས་ཐོག  ཚོགས་ཞུགས་མི་སྣ་ཡོངས་ལ་ཏང་གི་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ལས་ཞིང་ལས་དང་ཞིང་སྡེ།  ཞིང་བ་སོགས་ལ་ཕན་བདེ་སྐྲུན་པའི་དགོངས་པར་ངོས་ཟབ་མོ་ཆགས་སུ་བཅུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག