མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་དུ་དུད་ཁྱིམ230ཁང་གསར་ནང་སྤར་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-12-20 11:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ལག་ལེན་སྟེང་ཞིང་བ་ཚོའི་ཆེས་སེམས་ཁུར་བྱེད་པ་དང་། ཁོ་ཚོའི་དཀའ་ཁག་དང་འབྲེལ་བ་ཡོད་པའི་གནད་དོན་སོགས་ཐག་གཅོད་བྱེད་ཆེད།  དུད་ཁྱིམ་དབུལ་བོར་རོགས་སྐྱོར་བྱས་ཏེ་རྩྭ་ཁང་དང་ཁང་རྙིང་། ཁང་པ་མེད་པའི་ཁྱིམ་ཚང་ལ“བདེ་སྡོད་བཟོ་འགོད”ལག་བསྟར་བྱས་པ་མ་ཟད།  བཟོ་ལས་ཀྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པ་དང་། གྲོང་ཁྱེར་གྱིས་ཞིང་སྡེ་ལ་རོགས་སྐྱོར་བྱེད་པའི་དུས་ཡུན་རིང་བོར་ཕན་པའི་ལམ་ལུགས་འཛུགས་སྐྲུན་བྱས་ནས།  ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་གོམས་ཁ་ཇེ་མགྱོགས་སུ་བཏང་།

“བདེ་སྡོད་བཟོ་འགོད”ལག་བསྟར་བྱས་རྗེས།  རྫོང་ནོར་སྲིད་ཀྱིས་དུས་ལྟར་མ་དངུལ་བཀོད་སྒྲིག་བྱས་པ་དང་།  རྒྱལ་ཁབ་ས་ཁུངས་བདག་ཁོངས་སྡེ་ཁག་གིས་སྔོན་མར་ཁྱིམ་ཚང་དབུལ་བོའི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་འབྲེལ་ཡོད་འགྲོ་ལུགས་ལག་གཅོད་བྱས་པ་བརྒྱུད།  ནུས་ཤུགས་ཡོད་དགུ་བཏོན་ནས་ཁྱིམ་ཚང་དབུལ་བོའི་རྩོལ་ཤུགས་མི་འདང་བ་དང་དངོས་ཡོད་དཀའ་ཁག་སེལ་རོགས་བྱས།  བཟོ་འགོད་འཕར་རིམ་དང་རྒྱུ་སྤུས་ལ་ཁག་ཐེག་བྱེད་ཆེད། ཤང་དང་གྲོང་རྡལ།  སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”བཅས་འགོ་ཁྲིད་དག་གིས་འགན་གཙང་ལེན་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་ཤིང་།  ཡུལ་དངོས་སུ་སོང་ནས་ཁྱིམ་ཚང་དབུལ་བོའི་ཁང་པ་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་བྱས་པ་མ་ཟད།  རྫོང་གི་འགོ་ཁྲིད་དང“བདེ་སྡོད་བཟོ་འགོད”འགོ་ཁྲིད་ཚན་ཆུང་གི་ཁོངས་མིས་ད་དུང་དུས་ཚོད་གཏན་འཁེལ་མེད་པར་ཁང་པ་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་དང་ལྟ་ཞིབ་བྱས།

སེམས་ཀྱི་ཉི་ཟླ་རྫོང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན།  2013ལོར་བདེ་ཆེན་ཁུལ་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་བདེ་སྡོད་བཟོ་འགོད་རྣམ་གྲངས་ཏེ་དུད་ཁྱིམ230ལ་བཀོད་སྒྲིག་བྱས་ཏེ།  མི་རེར་སྒོར་ཁྲི1དང་བསྡོམས་པས་སྒོར་ཁྲི230འགྲེམ་གཏོང་བྱས་པ་དང་། རྣམ་གྲངས་ཏེ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ11གི་དཀའ་ཁག་ཡོད་པའི་ཁྱིམ་ཚང་ལ་ཁྱབ་ཡོད་ལ།  མི1150ལ་ཕན་འབྲས་ཐོབ།  ། 

             

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག