མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་དམངས་སྲིད་ཀྱིས་མི་དམང​ས་ལ་རོགས་སྐྱོར་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-20 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་སྲིད་སྡེ་ཁག་གིས་གྲོང་གསེབ་ཀྱི་དམའ་སྲུང་དང་འགན་ལེན་ལྔའི་དུད་ཚང་གི་སྲི་ཞུ། སྨན་བཅོས་རོགས་སྐྱོབ་བཅས་ནང་དོན་གཙོ་བོར་བཟུང་བའི་སྤྱི་ཚོགས་སྐྱོབ་རོགས་མ་ལག་གསར་གྲས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་ཁག་ཐེག་བྱས་པ་རེད།

གྲོང་གསེབ་ཀྱི་དམའ་སྲུང་ཚད་གཞི་མཐོ་རུ་བཏང་བ། མིག་སྔའི་བར་དུ། དམངས་སྲིད་སྡེ་ཁག་གིས་གྲོང་གསེབ་ཀྱི་དམའ་སྲུང་མ་དངུལ་སྒོར་ཁྲི13546བཏང་བ་དང་།འགན་ལེན་ལྔའི་དུད་ཚང་ལ་མ་དངུལ་སྒོར་ཁྲི568.5བཏང་བ་རེད།

གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལས་ཀ“ས་ཚིགས་ཁག་གཅིག”ཏུ་བསྡོམས་རྩིས་བྱེད་པ་མངོན་འགྱུར་བྱུང་བ། ད་ལོར། རང་ཁུལ་རྫོང་གསུམ་གྱིས་ཕྱོགས་ཡོང་ནས་སྨན་བཅོས་རོགས་སྐྱོབ་དོ་དམ་མ་ལག་གི་མཉེན་ཆས་སྤྱད་དེ། སྨན་བཅོས་རོགས་སྐྱོབ“ས་ཚིགས་ཁག་གཅིག”ཏུ་བསྡོམས་རྩིས་བྱེད་པའི་ཞབས་འདེགས་མངོན་འགྱུར་བྱུང་བ། ལོ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱིས་མི་ཐེངས198194ལ་སྨན་བཅོས་རོགས་སྐྱོབ་བྱས་པ་དང་། བསྡོམས་རྩིས་བྱས་པ་ལྟར་སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་ཁྲི2200འགྲོ་སྒོ་བཏང་བ་རེད།

གྲོང་གསེབ་ཀྱིས་རྒན་གསོ་ཁང་གི་འཛུགས་སྐྲུན་བདེ་བླག་ངང་སྐུལ་འདེད་བཏང་བ། བདེ་ཆེན་ཁུལ་དམངས་སྲིད་ཅུས་གསར་སྤེལ་ཆུས་ཀྱི་རྒན་གསོ་ཁང་དང་། རྒྱལ་ཐང་གྲོང་རྡལ་རྒན་གསོ་ཁང་། འཇོལ་རྫོང་གི་ལྟེ་གནས་རྒན་གསོ་ཁང་། འཇོལ་རྫོང་ཐུའོ་ཞ་རྒན་གསོ་ཁང་། འཇོལ་རྫོང་ཕན་བདེ་ཁང་། འབའ་ལུང་ལྟེ་གནས་རྒན་གསོ་ཁང་སོགས་རྒན་གསོ་ཁང་6གོ་རིམ་ལྡན་པའི་ངང་སྤྱོད་བཞིན་ཡོད།

གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་གི་སྲི་ཞུའི་ཚད་གཞི་མཐོ་རུ་བཏང་བ། གྲོང་གསེབ་ཀྱི་སྲི་ཞུའི་ཚད་གཞི་མི་རེ་ལ་ལོ་རེར་སྒོར1728ལེགས་སྒྲིག་བྱས་པ་དེ། སྔ་མའི་ཚད་གཞི་ལས་སྒོར288མཐོ་རུ་བཏང་ཡོད་པས། སྲི་ཞུའི་ཆུ་ཚད་མཐོན་པོ་འཕར་ཡོད་པ་རེད།

གནས་སྐབས་ཀྱི་རོགས་སྐྱོབ་ལས་ཀར་བརྟན་བརླིང་ངང་སྐུལ་འདེད་བཏང་བ།ལོ་ཡོངས་སུ་གནས་སྐབས་རོགས་སྐྱོབ་ཀྱིས་མི་ཐེངས17931རོགས་སྐྱོབ་བྱས་ཏེ། གནས་སྐབས་ཀྱི་རོགས་སྐྱོབ་མ་དངུལ་སྒོར་ཁྲི554བཏང་བ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག