མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ལས་ཁུར་རྩ་དགོངས་ཞུས་ནས་སྤྱི་དབང་མིན་པའི་དཔལ་འབྱོར་དུ་ཞུགས་པའི་མི་སྣའི་གླ་ཕོགས་ལེགས་སུ་གཏོང་རྒྱུ་རེད།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-20 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་ཁུལ་གྱིས2014ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། ལས་ཁུར་རྩ་དགོངས་ཞུས་ནས་སྤྱི་དབང་མིན་པའི་དཔལ་འབྱོར་དུ་ཞུགས་པའི་མི་སྣའི་གླ་ཕོགས་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་རྒྱུ་རེད།

ཞིབ་ཕྲའི་སྲིད་ཇུས་ནི“ནོར་སྲིད་ཀྱི་གྲོན་དངུལ་གཏོང་བའི་ལས་ཁུངས་ཀྱི་ལས་བྱེད་མི་སྣ་འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་སྤྲད་ནས། ལས་ཁུར་རྩ་དགོངས་ཞུས་ནས་ཁེར་གཉེར་དཔལ་འབྱོར་དུ་ཞུགས་པ་དང་། ལས་ཞུགས་ལོ་ཚད་1—5ཟིན་པའི་ལས་བྱེད་མི་སྣ་ལ། རྒྱུན་སྲོལ་ཐབས་ལམ་ལྟར་ལས་ཁུར་རྩ་དགོངས་ཞུ་བའི་གྲོན་ལུགས་འགྲིམ་སྟེ། ལས་ཁུར་རྩ་དགོངས་ཞུ་བའི་འགྲོ་དངུལ་མི་གཉེར་བ།ལས་ཞུགས་ལོ་ཚད་6—10ཟིན་པའི་ལས་བྱེད་མི་སྣ་ལ། ལོ་དེར་རང་ཉིད་ཀྱི་གླ་ཕོགས་བསྡོམས་གྲངས་ཐེངས་གཅིག་ཏུ་ལས་ཁུར་རྩ་དགོངས་ཞུ་བའི་མ་དངུལ་སྤྲོད་རྒྱུ་དང་། ལས་ཞུགས་ལོ་ཚད་11—15ཟིན་པའི་ལས་བྱེད་མི་སྣ་ལ། ལོ་དེར་རང་ཉིད་ཀྱི་གླ་ཕོགས་བསྡོམས་གྲངས་ཀྱི་ལྡབ2ཐེངས་གཅིག་ཏུ་ལས་ཁུར་རྩ་དགོངས་ཞུ་བའི་གྲོན་དངུལ་སྤྲོད་རྒྱུ། ལས་ཞུགས་ལོ་ཚད་16—20ཟིན་པའི་ལས་བྱེད་མི་སྣ་ལ། ལོ་དེར་རང་ཉིད་ཀྱི་གླ་ཕོགས་བསྡོམས་གྲངས་ཀྱི་ལྡབ3ཐེངས་གཅིག་ཏུ་ལས་ཁུར་རྩ་དགོངས་ཞུ་བའི་གྲོན་དངུལ་སྤྲོད་རྒྱུ། ལས་ཞུགས་ལོ་ཚད་21ཡན་ཟིན་པའི་ལས་བྱེད་མི་སྣ་ལ། ལོ་དེར་རང་ཉིད་ཀྱི་གླ་ཕོགས་བསྡོམས་གྲངས་ཀྱི་ལྡབ4ཐེངས་གཅིག་ཏུ་ལས་ཁུར་རྩ་དགོངས་ཞུ་བའི་གྲོན་དངུལ་སྤྲོད་རྒྱུ་རེད།དུས་མཚུངས་སུ། རྒྱལ་ཁབ་ལ་དབང་བ་དང་། ཐུན་མོང་ཁེ་ལས་ཀྱི་ལས་བྲལ་བཟོ་པས་ཁེར་གཉེར་དཔལ་འབྱོར་གྱི་ཕོགས་ཐོབ་དང་འདྲ་བའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག