མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་གནོད་ཐེབས་ས་ཁུལ་ལ་ཁ་གསབ་རོགས་དངུལ་འགྲེམ་གཏོང་བྱས་ཏེ་དམངས་ལ་ཕན་བདེ་བསྐྲུན།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-12-20 11:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ནེ་ཞི་ཤང་མན་ཐང་སྡེ་བའི་སྡེ་མི་ཨུ་ཡོན་ལྷན་ཁང་དུ།  སྡེ་མི་ཚོ་གོ་རིམ་ཡོད་པའི་སྒོ་ནས་གྲལ་སྒྲིག་ནས་སྲིད་གཞུང་གིས་འགྲེམ་གཏོང་བྱེད་བཞིན་པའི་འཚོ་བའི་ཁ་གསབ་རོགས་དངུལ་ལེན་བཞིན་ཡོད་ལ།  སྡེ་མི་བཀྲ་ཤིས་དོན་འགྲུབ་ཀྱིས་དེ་རིང་ངེད་ཚང་གི་ཁ་གསབ་རོགས་དངུལ་སྒོར4200བླངས་བ་དང་།  ངས་དགུན་ལྭ་ཆ་ཚང་ཞིག་ཉོས་ནས་དྲོད་སྐྱིད་ངང་ནས་དགུན་དུས་རོལ་རྒྱ་ཡིན་ཟེར།  ཁོས་ད་དུང་སྡེ་མི་གཞན་པ་དང་མཉམ་དུ་ཁ་གསབ་རོགས་དངུལ་ཇི་ལྟར་བཀོལ་སྤྱོད་བྱེད་པེར་གླེང་མོལ་བྱེད་ཀྱིན་ཡོད།

ནེ་ཞི་ཤང་བདེ་སྐྱིད་སྡེ་བའི་སྡེ་མི་ཚན་ཆུང་བདེ་སྡོད་བཀོལ་སྒྲིག་ལྟེ་གནས་སུ་ལས་བྱེད་མི་སྣའི་ལག་ཏུ་ཁ་གསབ་རོགས་དངུལ་བླངས་བའི་སྡེ་མི་བཀྲ་ཤིས་མགྱུགས་མྱུར་ངང་ཕྱིར་རང་གི་སྤྲ་གར་ནང་སོང་སྟེ་ཤིང་ཕོར་ལས་སྣོན་བྱེད་ཀྱིན་ཡོད།  ཁོས་ས་འགུལ་ལས་ངེད་ཚང་གི་ཁང་པ་གཏོར་བརླག་ཐེབས་ན་ཡང་། སྲིད་གཞུང་གིས་ངེད་ཚང་ལ་སྤྲ་གར་བཀོད་སྒྲིག་བྱས་པ་དང་།  དེ་རིང་ངེད་ཚང་གི་ཁྱིམ་མི་བཞིའི་སྲིད་གཞུང་གིས་གནང་བའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར2400བླངས་བས། སྲིད་གཞུང་ལ་སྙིང་ཐག་པ་ནས་བཀལ་དྲིན་ཆེ་ཞུས།  ང་ཚོའི་སྲིད་གཞུང་གི་སྐྱོབ་དངུལ་ཙམ་ལས་ཡིད་ཚིམ་ནས་སྡོད་མི་རུང་ལ། ད་དུང་རང་ཉིད་ཀྱི་ནུས་ཤུགས་ལ་བརྟེན་དགོས་པ་དང་དཀའ་ཁག་ཐམས་ཅན་ཐག་གཅོད་བྱས་ན།  ད་བཟོད་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་ཐུབ་པར་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག