མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-19 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་འགོ་ཁྲིད་ཚོ་ཆུང་གིས“‘དར་སྲོལ་ངན་པ་བཞི’ལ་ངོ་རྒོལ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ”གཙོ་གནད་དུ་བཟུང་བའི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ། ཚོགས་འདུས“དར་སྲོལ་ངན་པ་བཞིའི”ཐད་ཡོད་པའི་གནས་ཚུལ་ལ་དམིགས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ཤིང་ལེགས་སྒྲིག་གི་བྱ་ཐབས་བཏོན་པ། ཁུལ་ཨུའི་རྒྱུན་ཨུའམ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་གཙོ་གཞོན་པ་ཀྲང་ཀྲི་ཅུན་ཚོགས་འདུར་ཞུགས་ཤིང་བླང་བྱ་བཏོན་པ་རེད།

ཀྲང་ཀྲི་ཅུན་གྱིས་གསུང་དོན། ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུའི་བརྗོད་བྱ་གཙོ་བོ་གསལ་པོ་ཡིན་པ་དང་། དབྱེ་ཞིབ་གཏིང་ཟབ་ཡིན་པ། ལེགས་སྒྲིག་ལ་མཐོང་ཆེན་བྱེད་པ། བྱ་ཐབས་ཤུགས་དང་ལྡན་པ་ཡིན་འདུག གོམ་པ་རྗེས་མའི་ལས་ཀའི་ཁྲོད་དུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འགོ་ཁྲིད་ཚོ་ཆུང་གིས་སློབ་སྦྱོང་གི་འདུ་ཤེས་མཐོ་རུ་གཏོང་ཞིང་ཕུགས་འདུན་དང་དད་སེམས་བརྟན་པོར་གཏོང་དགོས་པ་དང་། འགན་འཁྲིའི་འདུ་ཤེས་མཐོ་རུ་གཏོང་ཞིང་ལས་འགན་འཁུར་དགོས། བྱ་ཐབས་ཀྱི་འདུ་ཤེས་མཐོ་རུ་གཏོང་ཞིང་དཀའ་གནད་སེལ་བར་བརྩོན་ལེན་བྱེད་དགོས། སྤྱོད་གཙང་གི་འདུ་ཤེས་མཐོ་རུ་གཏོང་ཞིང་སྤྱོད་ཚུལ་དྭངས་གཙང་འགན་སྲུང་བྱེད་དགོས། ལྟེ་བའི་འདུ་ཤེས་མཐོ་རུ་གཏོང་ཞིང་སེམས་ཤུགས་གཅིག་འགྲིལ་བྱེད་དགོས།

ཤེས་གསལ་བྱུང་དོན། བདེ་ཆེན་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་འགོ་ཁྲིད་ཚོ་ཆུང་གི་ཁོངས་མིས་ཏན་ཏིག་གིས་བླང་བྱ་ལ་གཞིགས་ནས་གཙོ་གནད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྲེང་སྟར་གསུང་བཤད་ལ་སློབ་སྦྱོང་བྱས་པ། ཁུལ་རིམ་པའི་ལས་ཁུངས་དང་ཅུས་སུ་གཏོགས་པའི་ཁའོ་ཧྲི་སོ་སོ་དང་རྫོང་གསུམ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ལ་རྒྱ་ཆེ་བའི་ངང་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད་ནས། འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་སོ་སོས་རང་ཉིད་ཀྱི་ལས་ཀ་དང་འཚོ་བའི་ཁྲོད་ཀྱི་གནས་ཚུལ་དང་བསྟུན་ནས། ཏན་ཏིག་ངང་རང་བཤེར་སྙན་སེང་བྲིས་པ་རེད། ཚོགས་འདུའི་ཐོག ཅུས་དེའི་འགོ་ཁྲིད་ཚོ་ཆུང་གིས་བསྡུ་ལེན་བྱེད་པའི་བསམ་འཆར་དང་ཟུང་འབྲེལ་བྱས་ནས་ནན་ཏན་གྱིས“དར་སྲོལ་ངན་པ་བཞིའི”ཐད་ཡོད་པའི་མི་ལྡང་བ་དང་གནས་ཚུལ་འཚོལ་བ། བསམ་བློ་དང་། ལས་ཀ སྤྱོད་ཚུལ་སོགས་ནས་གཏིང་ཟབ་ཀྱིས་དབྱེ་ཞིབ་བྱས།སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་མ་ཟད། ད་དུང་བྱེ་བྲག་གི་ལེགས་སྒྲིག་བྱ་ཐབས་བཏོན་པ་རེད།

བདེ་ཆེན་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུའི་སྒྲིག་ཁྲིམས་ལས་དོན་ཨུ་ཡོན་ལྷན་ཁང་བཞི་པའི་འགན་འཁུར་མི་སྣ་ཚོགས་འདུར་ཞུགས་ཤིང་ཁྲིད་སྟོན་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག