མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཧོང་ཅོན་གྱིས་རང་ཁུལ་དུ་བརྟག་དཔྱད་བྱེད་སྐབས་སེམས་ཀྱི་ཉི་ཟླའི་རིག་གནས་སྤུས་རྟགས་མཐོ་རུ་གཏོང་དགོས་ཞེས་བཏོན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-19 11:04

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས5ཉིན། ཡུན་ནན་ཞིང་ཆེན་རིག་གནས་ཐིན་གྱི་ཐིན་ཀྲང་དང་བཅས་པ་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་དང་། དྲིལ་བསྒྲགས། རིག་གནས་སྡེ་ཁག་གི་འགན་འཁུར་མི་སྣས་ཕེབས་རོགས་འོག སྔ་རྗེས་སུ་དགའ་ལྡན་སུམ་རྩེན་གླིང་དང་། སེམས་ཀྱི་ཉི་ཟླའི་པར་ཁང་། ཁུལ་རིག་གནས་འཛུགས་སྐྲུན་ས་ཚིགས་གཙོ་གནད། མི་རིགས་རིག་གནས་ཐང་ཆེན་དང་ཞིང་པའི་ཁྱིམ་འགའ་རུ་རིག་གནས་འཛུགས་སྐྱོང་བྱེད་ཚུལ་ལ་བརྟག་དཔྱད་བྱས། ཁྱབ་རྒྱ་ཆེ་བའི་བརྟག་དཔྱད་བྱས་པའི་རྨང་གཞིའི་ཐོག ཁུལ་ཡོངས་འདུ་ཤེས་རྣམ་པའི་སྡེ་ཁག་གི་ཁྲུའུ་གཞོན་པ་ཡན་གྱི་ལས་བྱེད་པ་དང་། ལས་ཀའི་གོ་མིང་མཐོ་རིམ་གཞོན་པ་ཡན་གྱི་ཆེད་ལས་ལག་རྩལ་མི་སྣ། རིག་གནས་ཁེ་ལས་འགའི་འགན་འཁུར་མི་སྣ་སོགས་ནང་དུ་ཞུགས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཚོགས་འདུའི་ཐོག བདེ་ཆེན་ཁུལ་གྱི་རིག་གནས་སྡེ་ཁག་གི་འགན་འཁུར་མི་སྣས་རང་ཁུལ་གྱིས་རིག་གནས་ལས་ཀ་སྤེལ་བའི་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུས་པ། ཉེ་བའི་ལོ་འགའི་རིང་ལ། རང་ཁུལ་གྱི་རིག་གནས་ལས་ཀར་མངོན་གསལ་གྱི་གྲུབ་འབྲས་ཐོབ་ཡོད། ཁུལ་གླུ་གར་ཚོགས་པས་གསར་བཟོ་བྱས་པའི་དམངས་སྲོལ་བྲོ་གར་ཆེན་མོ《སེམས་ཀྱི་ཉི་ཟླ》རྒྱལ་ཁབ་མང་པོ་རུ་འཁྲབ་སྟོན་བྱས་མྱོང་བ། རང་ཁུལ་གྱིས་གསོ་སྐྱོང་བྱས་པའི་སེམས་ཀྱི་ཉི་ཟླའི་ཚན་སྡེབ་ཀྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྒྱུ་རྩལ་འགྲན་བསྡུར་ཁྲོད་གྲུབ་འབྲས་ཕུལ་དུ་བྱུང་བ་བླངས་པ་རེད། ཡིན་ན་ཡང་། རང་ཁུལ་ནི་དར་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན་ད་དུང་བར་ཆད་ཆེན་པོ་ཡོད། མིག་སྔར། རང་ཁུལ་གྱི་ཤང་གྲོང་རིག་གནས་ས་ཚིགས་ཀྱི་སྤྱི་པའི་སྒྲིག་བཀོད་དང་། ནུས་པ། མི་སྣའི་སྡེབ་སྒྲིག འཁོར་སྐྱོད་མ་དངུལ་བཅས་མི་འདང་བ། ཁུལ་གླུ་གར་ཚོགས་པའི་སྲ་ཆས་དང་གཉེན་ཆས། འཁོར་སྐྱོད་ཚོང་གཉེར་གྱི་མ་དངུལ་འཇོག་ཚད་མི་འདང་ཞིང་ཚོང་ར་རུ་ཞུགས་དཀའ་བ་རེད། གཞན་ཡང་། 《ཡུལ་སྐོར་བཅའ་ཁྲིམས》བཏོན་རྗེས། བོད་ཁྱིམ་སྤྲོ་ཁང་གི་ཚོང་གཉེར་ལ་ཤུགས་རྐྱེན་ཐེབས་ཤིང་། ད་ལྟར་ལེགས་སྒྲིག་དང་སྐར་མའི་རིམ་པ་དཔྱད་བསྡུར་བྱས་པ་བརྒྱུད་ནས་རིན་གོང་གསལ་པོ་བཀོད་ཚར་བ། ཞིང་ཆེན་རིག་གནས་ཐིང་གིས་རང་ཁུལ་གྱི་སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་སའི་འཛུགས་སྐྲུན་དང་། སྒྱུ་རྩལ་ཤེས་ལྡན་མི་སྣའི་གསོ་སྐྱོང་། དཔུང་སྡེའི་འཛུགས་སྐྲུན་སོགས་ལ་སྔར་ལས་མང་བའི་རོགས་སྐྱོར་སྤྲད་པའི་རེ་འདུན་ཞུས་པ་རེད།

སྙན་ཞུ་ལ་གསན་རྗེས། ཧོང་ཅོན་གྱིས་རང་ཁུལ་གྱི་རིག་གནས་ལས་བྱེད་པས་རིག་གནས་ལས་དོན་གྱི་གོང་འཕེལ་གྱི་ཆེད་དུ་ལེགས་སྐྱེས་འབུལ་བར་གདེང་འཇོག་བྱས། ཁོང་གིས་གསུང་དོན། བདེ་ཆེན་ནི་རིག་གནས་དར་རྒྱས་ཆེན་པོ་དང་གོང་འཕེལ་ཆེན་པོ་བྱུང་བའི་གལ་ཆེའི་དུས་སྐབས་སུ་གནས་པས། དེ་ནི་སེམས་ཀྱི་ཉི་ཟླའི་རིག་གནས་གོང་དུ་སྤེལ་བའི་རྩ་ཆེའི་གོ་སྐབས་ཡིན། སེམས་ཀྱི་ཉི་ཟླའི་རིག་གནས་ནི་ཕུན་སུམ་ཚོགས་པའི་ཡུན་ནན་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ལ། ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་བེད་སྤྱོད་ཡག་པོ་བཏང་ནས་བདེ་ཆེན་གྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་གོང་འཕེལ་ལ་སྐུལ་སྤེལ་གཏོང་དགོས། ཧོང་ཅོན་གྱིས་རང་ཁུལ་གྱི་གོམ་པ་རྗེས་མའི་རིག་གནས་ལས་ཀར་བསམ་འཆར་བཞི་བཏོན་པ། གཅིག་ནི་སེམས་ཀྱི་ཉི་ཟླའི་རིག་གནས་སྤུས་རྟགས་མཐོ་རུ་གཏོང་བ་ལ་འབད་བརྩོན་བྱེད་དགོས། མི་རིགས་ཀྱི་རང་བཞིན་འབུར་དུ་ཐོན་ནས་མི་དང་ཆོས་ལུགས་བར་གྱི་འཆམ་མཐུན་ཕྱིར་མཚོན་དགོས། རྒྱལ་སྤྱིའི་རང་བཞིན་འབུར་དུ་ཐོན་ནས་མི་དང་སྤྱི་ཚོགས་བར་གྱི་འཆམ་མཐུན་ཕྱིར་མཚོན་དགོས། སྐྱེ་ཁམས་ཀྱི་རང་བཞིན་འབུར་དུ་ཐོན་ནས་མི་དང་རང་བྱུང་བར་གྱི་འཆམ་མཐུན་ཕྱིར་མཚོན་དགོས། འཆམ་མཐུན་གྱི་རང་བཞིན་འབུར་དུ་ཐོན་ནས་མི་དང་མིའི་བར་གྱི་འཆམ་མཐུན་ཕྱིར་མཚོན་དགོས། གཉིས་ནི་ཤེས་ལྡན་མི་སྣའི་གསོ་སྐྱོང་ལ་ཤུགས་ཆེན་པོ་འདོན་དགོས། གོམ་པ་རྗེས་མར་ཞིང་ཆེན་རིག་གནས་ཐིང་གིས་ཤེས་ལྡན་མི་སྣའི་གསོ་སྐྱོང་ཐད་བདེ་ཆེན་ལ་རོགས་རམ་བྱ་རྒྱུ་ཡིན། གསུམ་ནི་རིག་གནས་ཕྱིར་སོང་བ་ལ་ཤུགས་ཆེན་པོ་འདོན་དགོས། བདེ་ཆེན་གྱི་རིག་གནས་སྣ་མང་ཞིང་ཕུན་སུམ་ཚོགས་པ། རིག་གནས་ཁེ་ལས་ཀྱིས་ཚོང་ར་རུ་ཞུགས་དགོས། རིག་གནས་ཕྱིར་སོང་བ་ནི་སེམས་ཀྱི་ཉི་ཟླའི་རིག་གནས་དྲིལ་བསྒྲགས་བྱེད་པའི་དགོས་མཁོ་ཡིན་པ་མ་ཟད། ད་དུང་དཔུང་སྡེའི་སྦྱོང་བརྡར་དང་རང་ཉིད་སྦྱོང་བརྡར་བྱེད་པའི་དགོས་མཁོ་ཡང་ཡིན། བཞི་ནི་རིག་གནས་ལས་དོན་གྱིས་མི་དམངས་ལ་ཁེ་ཕན་སྤྲོད་དགོས། གཏིང་ཟབ་ཀྱིས་གཞི་རིམ་དུ་སྐྱོད་དེ་ཕུལ་བྱུང་གི་མི་རིགས་རིག་གནས་ཐོན་རྫས་མང་ཚོགས་ཀྱི་ཁྲོད་དུ་བསྐྱལ་ནས། མི་དམངས་མང་ཚོགས་ཀྱི་རིག་གནས་ཁེ་དབང་མངོན་འགྱུར་བྱུང་དགོས།

བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དབྱང་ཙི་ཅང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་བྱེད་སྐབས་ཁུལ་ཡོངས་ཀྱི་རིག་གནས་སྡེ་ཁག་གིས“མི་རིགས་ཀྱི་རང་བཞིན་དང་། རྒྱལ་སྤྱིའི་རང་བཞིན། སྐྱེ་ཁམས་ཀྱི་རང་བཞིན། འཆམ་མཐུན་གྱི་རང་བཞིན”བཅས་ཁྱད་ཆོས་བཞི་ལ་དམ་པོར་དམིགས་ནས་མུ་མཐུད་དུ་གཏིང་ཟབ་ངང་སེམས་ཀྱི་ཉི་ཟླའི་རིག་གནས་སྤུས་རྟགས་འཛུགས་སྐྱོང་བྱེད་པ་དང་གཏིང་ཟབ་ངང་སེམས་ཀྱི་ཉི་ཟླའི་རིག་གནས་སྤུས་རྟགས་ཀྱི་ནང་དོན་འཚོལ་བ། འདུ་ཤེས་མཐོ་རུ་གཏོང་བ་དང་། ཡིད་ཆེད་མཐོ་རུ་གཏོང་བ། སྒྲིག་གཞི་འཐུས་ཚང་དུ་གཏོང་བ། འགོ་ཁྲིད་དྲག་པོར་བཏང་སྟེ། ཤུགས་ཡོངས་ནས“རིག་གནས་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བའི་”འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་སྤེལ་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག