ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་སྔར་ལས་དགེ་མཚན་ལྡན་པའི་ལས་ཀར་ཞུགས་པ་དང་ལས་ཀར་བསྐྱར་ཞུགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དང་།ཤུགས་ཆེས་ལས་ལམ་གསར་འབྱེད་དང་ལས་ཀར་ཞུགས་པའི་ལས་གྲྭ་ལག་བསྟར་བྱས་པ།ཐབས་བརྒྱ་ཇུས་སྟོང་གིས་ལས་ཀར་ཞུགས་པ་དང་བརྟན་པོའི་ངང་ལས་ཀར་ཞུགས་ཐབས་བྱས་པར་བརྟེན།སྔོན་ཚུད་ནས་ལས་ཀར་ཞུགས་པའི་དམིགས་ཡུལ་དེ་ཚད་བརྒལ་ལེགས་འགྲུབ་བྱུང་བ་རེད།
ཟླ12་པའི་ཚེས10ཉིན་བར།འབའ་ལུང་རྫོང་ལ་གྲོང་རྡལ་གྱི་གསར་བསྣན་ལས་ཀར་ཞུགས་པའི་མི་གྲངས་1783ཡོད་ལ།གྲོང་རྡལ་གྱི་ལས་གནས་ཤོར་བའི་མི་སྣ་97ལས་ཀར་བསྐྱར་ཞུགས་ཡོད་པ་དང་།ལས་ཀར་ཞུགས་དཀའ་བའི་མི་སྣ་94ལས་ཀར་ཞུགས་ཡོད།གྲོང་རྡལ་གྱི་ལས་གནས་ཤོར་བའི་ཐོ་བཀོད་ཚད་ནི་3.9%ཡིན་ཏེ་4.5%ཡི་ནང་དུ་ཚོད་འཛིན་བྱས་ཡོད།སྤྱི་ཕན་རང་བཞིན་གྱི་ལས་གནས་256གསར་འབྱེད་བྱས་ཡོད།དངུལ་བུན་ལེན་པ་དང་ཁྲལ་དངུལ་ཆག་ཡང་དུ་གཏོང་བ།ཁ་གསབ་སྤྲོད་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས།མི་སྣ་60ལ་ལས་ལམ་གསར་འབྱེད་ཀྱི་རོགས་སྐྱོར་བྱས་ཤིང་།རོགས་སྐྱོར་མ་དངུལ་སྒོར་ཁྲི་360འགྲེམ་གཏོང་བྱས་པ།ལས་གནས་ཤོར་བའི་མི་སྣའི་གྲངས་ཆུང་ཁག་ཐེག་དངུལ་བུན་གྱི་རྒྱབ་སྐྱོར་ཐོབ་པའི་རྐྱེན་གྱིས་ལས་ལམ་གསར་འབྱེད་བྱེད་ཐུབ་མཁན་མི་སྣ་45ཡོད་ལ།ལས་གནས་ཤོར་བའི་མི་སྣའི་གྲངས་ཆུང་ཁག་ཐེག་དངུལ་བུན་སྒོར་ཁྲི་247.5འགྲེན་གཏོང་བྱས་ཡོད།ལས་གནས་ཤོར་བའི་མི་སྣ་དང་གྲོང་གསེབ་ངལ་རྩོལ་ནུས་ཤུགས་མི་སྣ་4500ལ་རྩལ་ནུས་གསོ་སྦྱོང་བྱས་ཤིང་།ལས་ཀར་ཞུགས་མེད་པའི་དུད་ཚང་མེད་པའི་གནས་ཚུལ་རྒྱུན་འཁྱོངས་བྱས་པ།མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཀར་ཞུགས་པའི་ལྟ་སྦྱོང་མི་ཐེངས་7བྱས་པ།གདན་ཞུའི་ཚོགས་འདུ་ཐེངས་3བསྡུས་པ་དང་མི་གྲངས་87ལས་ཀར་ཞུགས་རྒྱུ་མངོན་འགྱུར་བྱུང་ཡོད་པ་རེད། །