མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

པའོ་ཧོ་གྲོང་རྡལ་གྱིས“བྱ་ཐབས་ལྔ”སྤྱད་དེ་མང་ཚོགས་ཀྱི་བདེ་སྡུག་ཞུ་བའི་ཐབས་ལམ་བདེ་བགྲོད་དུ་གཏོང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-19 11:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་གྱིས“བྱ་ཐབས་ལྔ”སྤྱད་དེ“རིམ་པ་ལྔའི་འབྲེལ་འགུལ”གྱི་ལས་ཀར་སྐུལ་འདེད་བྱས་པ་དང་།མང་ཚོགས་ཀྱིས་བདེ་སྡུག་ཞུ་བའི་ཐབས་ལམ་བདེ་བགྲོད་དུ་གཏོང་བ་རེད།

གཅིག་ནི་འགོ་ཁྲིད་ལ་ཤུགས་སྣོན་དང་ཤེས་རྟོགས་མཐོར་འདེགས་གཏོང་བ།གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡིས་ཚོ་ཆུང་གི་འགོ་འཛིན་བྱས་ཏེ་མང་ཚོགས་ཀྱིས་བདེ་སྡུག་ཞུ་བའི་ཐབས་ལམ་བདེ་བགྲོད་བྱེད་པའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཙུགས་ནས།《པའོ་ཧོ་གྲོང་རྡལ“རིམ་པ་ལྔའི་འབྲེལ་འགུལ”གྱི་ལས་ཀའི་ལག་བསྟར་ཇུས་གཞི》གཏན་འབེབས་བྱས་པ་དང་།མང་ཚོགས་ཀྱིས་བདེ་སྡུག་ཞུ་བའི་ཐབས་ལམ་བདེ་བགྲོད་བྱེད་པའི་ལས་ཀའི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ།

གཉིས་ནི་ལམ་ལུགས་ཇེ་ཚང་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པ།སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱིས་བདེ་སྡུག་ཞུ་བའི་ཐབས་ལམ་ཇེ་ཡངས་དང་མང་ཚོགས་ཀྱི་དཀའ་ངལ་སེལ་ཆེད།པའོ་ཧོ་གྲོང་རྡལ་གྱིས་གྲོང་སྡེ་རེ་རེར་སྒོ་བྱང་བཀལ་ཏེ་གྲོང་སྡེའི་ལྟ་སྐུལ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་།མང་ཚོགས་ཀྱིས་བདེ་སྡུག་ཞུ་སའི་ལྟེ་གནས1བཙུགས་པ་རེད། མང་ཚོགས་ཀྱི་རེ་འདོན་སྒམ་ཆུང་དང་དེར་དོ་དམ་གྱི་ལམ་ལུགས་བཙུགས་ནས།དོན་དངོས་ཐོག་མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་མང་པོ་ཐག་གཅོད་བྱས་པ་རེད།

གསུམ་ནི་འགལ་ཟླ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་གྱི་ལེབ་བཤེར་ལ་ཤུགས་བསྣན་པ།མི་དམངས་ཀྱི་འདོད་བློ་དང་ཆ་འཕྲིན་ཕྱོགས་བསྡུས་དབྱེ་ཞིབ། འགལ་ཟླའི་ལེབ་བཤེར་སོགས་ཇེ་ཚང་དུ་བཏང་ནས།མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཕྱོགས་ཡོངས་དང་། སྐབས་བསྟུན།ཡང་དག་པའི་སྒོ་ནས་འབྲེལ་ཡོད་ཀྱི་འགོ་ཁྲིད་ལ་སྙན་ཞུ་བྱེད་པ།

བཞི་ནི་གོང་འོག་རིམ་པས་ཟུང་འབྲེལ་བྱས་ཏེ་དཀའ་ངལ་སེལ་བ།གནས་ཚུལ་རྙོག་འཛིང་ཅན་དང་སྡེ་ཁག་མང་པོ་འབྲེལ་ཞིང་སེལ་དཀའ་བའི་གནད་དོན་ལ་འབྲེལ་ཡོད་སྡེ་ཁག་གིས་ཟུང་འབྲེལ་ཚོ་ཆུང་བཙུགས་ནས་མཉམ་དུ་གྲོས་བསྡུར་བྱས་ཏེ་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ།

ལྔ་ནི་སྤྱོད་ལམ་ལེགས་བཅོས་དང་དོན་དུ་འཁྱོལ་བ།པའོ་ཧོ་གྲོང་རྡལ་གྱིས་ལས་ཀའི་སྤྱོད་ཚུལ་བཅོས་བསྒྱུར་བྱས་ནས།ལས་བྱེད་མི་སྣའི་སྤུས་ཚད་ཇེ་མཐོར་དང་ལས་ཀའི་རྣམ་པ་དང་བྱེད་ཐབས་ལེགས་བཅོས་བྱེད་པ།མང་ཚོགས་ལ་བཅར་འདྲི་དང་འབྲེལ་མཐུད་བྱས་ནས།ལས་སྒྲུབ་བྱེད་སྐབས་རང་ཁག་གཞན་འགེལ་དང་རྙོག་གླིང་།ལས་ཀའི་བྱེད་ཐབས་རྩུབ་སྤྱོད་ཅན་གྱི་མི་སྣར་འདྲི་རྟོག་ནན་མོ་བྱས་ནས་ལོ་མཇུག་གི་དཔྱད་ཞིབ་ནང་དུ་བཞག་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག