ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པ་བསྡུས་པ་ནས་བཟུང་། ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་བོད་ཁུལ་གྱི་འཕེལ་རྒྱས་དང་དབུལ་སྐྱོར་བྱ་བའི་འཆར་འགོད་སྒྲིག་བཟོ་བྱས་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར417.88བཏང་སྟེ། རྨང་གཞིའི་སྒྲིག་ཆས་དང་ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་ཞབས་ཞུ་དང་སྐྱེ་ཁམས་ཁོར་ཡུག ནུས་ཤུགས་འཛུགས་སྐྲུན་བཅས“བཟོ་འགོད་ཆེན་མོ་དྲུག”ལག་བསྟར་བྱས་པ་བརྒྱུད། བོད་རིགས་ས་ཁུལ་གྱི་དབུལ་བསྐྱུར་ཕྱུག་འགྱུར་ལས་དོན་སྒྲུབ་ཏེ་འབྱོར་འབྲིང་སྤྱི་ཚོགས་དུ་སྐྱོད་པར་ནུས་ཤུགས་ཆེན་པོ་བཏོན། ཤེས་གསལ་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་། འཆར་འགོད་འདི་གད་ལག་བསྟར་བྱས་པར་བསྟུན། བདེ་ཆེན་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཁུལ་ཡོངས་ཀྱི་སྤྱིའི་ཐོན་ཚད2011ལོའི་སྒོར་དུང་ཕྱུར77.1ལས2012ལོའི་སྒོར་དུང་ཕྱུར113.6ལ་སླེབས། ལོ་རེར་ཆ་སྙོམས་ཀྱི21.38%ཡར་འཕར། སྔ་གཞུག་ཏུ་རྨང་གཞིའི་སྒྲིག་ཆས་གཙོ་གནད་འཛུགས་སྐྲུན་སྐོར་ཞིག་ལེགས་འགྲུབ་བྱུང་བའི་དུས་མཚུངས་སུ། དབུལ་སྐྱོར་ཐད་ཀྱི་ཚད་གཞི་གསར་བ་ལག་བསྟར་བྱས་རྗེས། ཞིང་སྡེའི་དབུལ་ཕོངས་མི་གྲངས2011ལས་ཁྲི19.91ལས2012ལོའི་ཁྲི17.7ཇེ་ཉུང་དུ་སོང་ཡོད་པ་རེད། །