མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཏང་དང་རྒྱབ་ཁབ་ཀྱི་དྲོད་འཁོལ་མང་ཚོགས་ལ་བསྐྱལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-12-18 10:19


གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་རིག་རྩལ་གྱ་ནོན་པ་བཀོད་སྒྲིག་བྱས་པ།

མང་ཚོགས་ཀྱི་བདེ་ཐང་འདྲི་གཅོད་ལ་ལན་འདེབས་བཞིན་པ།

ས་འགུལ་རྒུད་སྐྱོར་གྱི་ལས་དོན་བྱིས་པ་ནས་འགོ་བརྩམས་པ།

ཡུལ་དངོས་སུ་རིན་མི་དགོས་པར་སྨན་རྫས་འགྲེམ་གཏོང་བྱེད་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས13ཉིན་གྱི་སྔ་དྲོའི་དུས་ཚོད1གི་སྟེང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གནོད་ཐེབས་ས་ཁུལ་མི་དམངས་ཀྱིས་ཁྱིམ་གཞིས་བསྐྱར་འཛུགས་བྱས་ཏེ།  མཛེས་སྡུག་ལྡན་པའི་མ་འོངས་བ་གསར་སྐྲུན་བྱེད་པའི་སྤོབས་པ་ཡར་སྐུལ་བྱེད་ཆེད།  ཚན་རྩལ་དང་རིག་གནས། འཕྲོད་བསྟེན།  བཅའ་ཁྲིམས་བཅས“གཞི་རིམ་དུ་སྐྱོད་པ་བཞིའི”འཚམས་འདྲི་ཚོགས་པ་ས་འགུལ་གནོད་ཐེབས་ས་ཁུལ་དུ་སོང་ཞིང་། “གཞི་རིམ་དུ་སྐྱོད་པ་བཞིའི”བྱ་འགུལ་ཚོགས་ར་ནས།  འཁྲབ་སྟོན་པ་རྣམས་ཀྱིས་གླུ་ལེན་གར་རྩེད་བྱས་ནས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

ཤམ་བྷ་ལའི་ཚན་སྡེབ་དང་གངས་སྲས་ཚན་སྡེབ་སོགས་རང་ས་གནས་ཀྱི་འཁྲབ་སྟོན་པས་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་པ་དང་། ས་དེའི་མང་ཚོགས་མང་པོ་ཞིག་གནས་འདི་ཡོང་ནས་འཁྲབ་སྟོན་ལ་བལྟས།  སྙན་ཞིང་འཇེབས་པའི་དམངས་གླུ་རེ་རེ་ཉན་བཞིན་དུ་སྡེ་མིའི་ངོ་གདོང་ལ་དགའ་སྤྲོ་ཡིས་ཁེངས་འདུག་པ་དང་གཡང་འཛོམས་ཀྱིས་བཤད་རྒྱུར།  དུས་རྒྱུན་འདི་ལྟ་བུའི་གོ་སྐབས་གཅིག་ཀྱང་མེད་ལ། ས་འགུལ་བྱུང་ནས་ཟླ་དུ་མ་འགོར་ཡོད་པས།  ང་ཚོའི་འཚོ་བ་རིམ་བཞིན་རྒྱུན་ལྡན་དུ་གྱུར་ཡོད།

གླུ་གར་འཁྲབ་སྟོན་ལ་བལྟ་ཞོལ་དུ།  འཕྲོད་བསྟེན་སྡེ་ཁག་གི་སྨན་པ་ཚོས་མང་ཚོགས་ཀྱིས་བདེ་ཐང་འདྲི་གཅོད་ལ་དང་ལེན་བྱེད་པ་དང་ཡུལ་དངོས་སུ་ནད་བརྟག་སྨན་བཅོས་བྱས་པ་དང་སྨན་རྫས་འགྲེམ་གཏོང་བྱས།  ཞིང་ལས་དང་ཕྱུགས་ལས་སྡེ་ཁག་གིས་ལས་བྱེད་མི་སྣས་ཞིང་བ་མང་ཚོགས་རྣམས་ལ་ཞིང་ལས་རྒྱུ་ཆའི་མཁོ་རྫས་དང་གཟན་རྩྭ།  སྔོ་ཚོད་ས་བོན་སོགས་འགྲེམ་གཏོང་བྱས་པ་མ་ཟད།  ད་དུང་ཚན་རྩལ་སྡེ་ཁག་གི་ཆེད་མཁས་པས་སྡེ་མི་ཚོར་ས་འགུལ་བྱུང་དུས་ཇི་ལྟར་གཡོལ་དགོས་པར་སློབ་སྟོན་གནང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག