མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རོགས་སྐྱོར་མ་ལག་གིས་དམངས་ལ་ཕན་བདེ་བསྐྲུན།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-12-17 11:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་སྡེ་ཁག་གིས་ཞིང་སྡེའི་དཀའ་ངལ་མང་ཚོགས་གཅིག་བསྡུས་ཡིན་ཞིང་། དམངས་འཚོ་གནད་དོན་འབུར་ཐོན་ཡིན་པ་སོགས་ཁྱད་ཆོས་ལ་དམིགས་ཏེ། དམངས་གཙོ་བོར་འཛིན་པ་དང་དམངས་ལ་དཀའ་ངལ་སེལ་པ། དམངས་ལ་ཞབས་ཞུ་སྒྲུབ་པའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ནས། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་དང་ལྔ་སྐྱོང་ཁྱིམ་ཚང་རོགས་སྐྱོར། སྨན་བཅོས་རོགས་སྐྱོར་སོགས་ནང་དོན་གཙོ་ཡིན་པའི་རྣམ་པ་གསར་བའི་སྤྱི་ཚོགས་རོགས་སྐྱོར་མ་ལག་འཛུགས་སྐྲུན་སྐུལ་འདེད་དུ་བཏང་སྟེ། ཞིང་སྡེའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་དཀའ་ཁག་དང་ནད་བརྟག་དཀའ་བའི་གནད་དོན་ཐག་བཅད།

ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་རོགས་སྐྱོར་ཚད་གཞི་གཏན་འཇགས་ངང་མཐོར་འདེགས་སུ་བཏང་ཞིང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་མི་116178ཡོད་པ་དང་ཞིང་སྡེའི་ལྔ་སྐྱོང་ཁྱིམ་ཚང་རོགས་སྐྱོར་བྱེད་ཡུལ་མི་3717ཡོད། ད་ལྟའི་བར་དུ། དམངས་སྲིད་སྡེ་ཁག་གིས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་ཁྲི་3546བཏང་པ་དང་། ལྔ་སྐྱོང་ཁྱིམ་ཚང་རོགས་སྐྱོར་མ་དངུལ་སྒོར་ཁྲི568.5བཏང་།

ཞིང་སྡེའི་ལྔ་སྐྱོང་ཁྱིམ་ཚང་རོགས་སྐྱོར་ཚད་གཞི་མཐོར་འདེགས་སུ་བཏང་བ་མངོན་གསལ་ཡིན་ལ། ཁུལ་ཡོངས་ཀྱིས་བསྡོམས་པས་ལྔ་སྐྱོང་ཁྱིམ་ཚང་བྱེད་ཡུལ་མི3717ལ་རོགས་སྐྱོར་བྱས་ཤིང་། དེའི་ཁྲོད་དུ། ཐུན་མོང་གིས་མི1120རོགས་སྐྱོར་བྱས་པ་དང་། མི2597ལ་ཐ་ཐོར་རོགས་སྐྱོར་བྱས། ཞིང་སྡེའི་ལྔ་སྐྱོང་ཁྱིམ་ཚང་རོགས་སྐྱོར་ཚད་གཞི་སྟེ་མི་རེ་ལོ་རེར་སྒོར་1728ཇེ་མང་དུ་བཏང་ནས། སྔོན་ཆད་ཀྱི་ཚད་གཞི་དང་བསྡུར་ན་སྒོར288ཡི་ཇེ་མང་དུ་སོང་སྟེ། རོགས་སྐྱོར་ཆུ་ཚད་ཅུང་ཆེ་བའི་མཐོར་འདེགས་སུ་སོང་།

གནས་སྐབས་རོགས་སྐྱོར་བྱ་བ་གཏན་འཇགས་ངང་སྐུལ་འདེད་དུ་བཏང་སྟེ། གནས་སྐབས་རོགས་སྐྱོར་བྱ་བའི་གཙོ་གནད་མར་སྤོ་བ་དང་། དབྱེ་བགར་རོགས་སྐྱོར་བྱེད་པའི་བྱེད་སྟངས་རྒྱུན་འཁྱོངས་བྱས་པ་བརྒྱུད། ལོ་ཧྲིལ་བོར་གནས་སྐབས་རོགས་སྐྱོར་གྱིས་བསྡོམས་པས་མི་ཐེངས་17931ལ་རོགས་སྐྱོར་བྱས་ཏེ། གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་ཁྲི554བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག