མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས15་པ་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-21 10:32

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན་གྱི་ཕྱི་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་15་པ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཁང་དུ་འཚོགས་པ་རེད།

གྲོས་ཚོགས་དེ་བདེ་ཆེན་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧོང་ཀྲིང་ཧུང་གིས་གཙོ་སྐྱོང་གནང་བ།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲང་ཀྲི་ཅུན་དང་།ནོར་བུ་གཡང་འཛོམས།ཝང་ཐན་ཞི།ཧོ་ཀྲེན་ཏུང་།དབྱང་ཀྲིན་དབྱི།སུང་ཐའོ།ཁུལ་སྲིད་གཞུང་གི་དྲུང་ཆེན་ཨུ་བརྒྱན་བསྟན་འཛིན།ཁུལ་སྲིད་གཞུང་གི་སྐོར་གཟིགས་པ་གཞོན་པའི་ཐོབ་ཐང་ལོངས་སུ་སྤྱོད་མཁན་འགོ་ཁྲིད་དབྱང་ཧུང་པིང་སོགས་གྲོས་ཚོགས་སུ་ཞུགས་པ་རེད།

གྲོས་ཚོགས་ཐོག་ཁུལ་བསྡོམས་རྩིས་ཅུས་དང་ཁུལ་འཕེལ་སྒྱུར་ཨུ་སོགས་སྡེ་ཁག་5ཡིས་ད་ལོའི་ཟླ་1ནས་ཟླ་10པའི་བར་གྱི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོའི་ཡོངས་སྒྲུབ་གནས་ཚུལ་དང་གནས་པའི་ཧེ་བག་ལ་ཕྱོགས་བསྡོམས་དང་དབྱེ་ཞིབ་བྱས་ཚུལ་དང་།ད་ལོའི་ཆེས་མཐའ་མའི་ཟླ་2ཀྱི་འབྲེལ་ཡོད་ལས་ཀའི་ཞིབ་འཇུག་བཀོད་སྒྲིག་བྱས་ཚུལ་གྱི་སྙན་ཞུ་ཉན་པ་རེད།

ད་ལོའི་ལས་ཀ་ཁག་ལ་དམིགས་ནས།གྲོས་ཚོགས་ཐོག་བསྟན་དོན།ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོ་ཡིས་ཁུལ་ཡོངས་ཀྱི་མིག་སྔའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་ཚུལ་ལ་དབྱེ་ཞིབ་ཞིབ་ཕྲ་བྱེད་དགོས་ཤིང་།མིག་སྔའི་དཔལ་འབྱོར་ལས་ཀའི་གཙོ་བོ་དང་དཀའ་གནད་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས།ད་ལྟ་སྲིད་ཇུས་ཡག་པོ་ཡིན་ལ།གོ་སྐབས་ཡག་པོ་ཡིན་ཞིང་ཆ་རྐྱེན་ཡང་ཡག་པོ་ཡིན་པས།འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས།དུས་མཚུངས་སུ།དམིགས་ཡུལ་ཡོད་པའི་ངང་ལས་ཀ་ཁག་ཡག་པོ་བསྒྲུབ་དགོས།མིག་སྔར་ལོ་མཇུག་སླེབས་ཉེ་བས།ལས་འགན་མང་ཞིང་ལྗིད་པོ་ཡིན་པ་རེད།ཁུལ་ཡོངས་ཀྱི་གོང་འོག་གིས་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ལས་ཀ་ཁག་ཡག་པོ་སྒྲུབ་སྟེ།ལོ་འགོར་གཏན་འབེབས་བྱས་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁག་ཡོངས་སུ་སྒྲུབ་པར་ཁག་ཐེག་ཏན་ཏིག་བྱེད་དགོས།

གྲོས་ཚོགས་ཐོག་ནན་གྱིས་གསུང་དོན།ད་ལོའི་ལས་ཀར་ཕྱོགས་བསྡོམས་ཡག་པོ་བྱེད་པ་དེ་སང་ལོའི་ལས་ཀ་ཡག་པོ་བསྒྲུབ་པའི་ཆེད་དུ་ཡིན་ཞིང་།རིམ་པ་ཁག་དང་སྡེ་ཁག་སོ་སོ་ཡིས་སྔོན་ཚུད་ནས་ཇུས་འགོད་བྱེད་པ་དང་ཚན་རིག་དང་མཐུན་པའི་ངང་སང་ལོའི་ལས་ཀ་ཁག་འཆར་འགོད་བྱེད་དགོས་ཤིང་།གོང་རིམ་སྡེ་ཁག་དང་འབྲེལ་མཐུད་བྱེད་རྒྱུར་དོ་སྣང་བྱེད་དགོས་ལ།གོང་རིམ་སྡེ་ཁག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།2014ལོའི་དམིགས་ཡུལ་ལས་འགན་ཡོངས་སུ་སྒྲུབ་པར་རྨང་གཞི་ལེགས་པོ་ཞིག་འདིང་དགོས།

གྲོས་ཚོགས་ཐོག་ཁུལ་དངུལ་རྩའི་གཞུང་ལས་ཁང་གི《བདེ་ཆེན་ཁུལ་གྱི“ཞིང་གསུམ”དངུལ་རྩའི་ཞབས་འདེགས་ལ་བསྒྱུར་བཅོས་གསར་གཏོད་བྱེད་པའི་ཚོད་ལྟའི་འཆར་ཟིན་གྱི་དགོངས་སྐོར་ཞུ་ཡིག》ལ་ཞིབ་འཇུག་བྱེད་སྐབས་བསྟན་དོན།“ཞིང་གསུམ”དངུལ་རྩའི་ཞབས་འདེགས་ལ་བསྒྱུར་བཅོས་གསར་གཏོད་བྱེད་པ་དེ་“ཞིང་གསུམ”ལ་ཞབས་འདེགས་ཞུ་དགོས་པ་དང་དམིགས་བསལ་དུ་གྲོང་གསེབ་མང་ཚོགས་ཀྱི་ཐོན་སྐྱེད་བྱེད་སྟངས་འགྱུར་ལྡོག་གཏོང་བར་ཞབས་འདེགས་ཞུ་དགོས།མང་ཚོགས་ཀྱིས་ཐོན་སྐྱེད་བདག་གཉེར་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ་དང་།མང་ཚོགས་ཀྱི་མ་དངུལ་གྱི་དཀའ་ངལ་སེལ་ཐབས་བྱེད་པར་རོགས་རམ་བྱེད་དགོས།འོན་ཀྱང་དངུལ་རྩའི་ཉེན་ཁ་ཡོང་བར་སྔོན་འགོག་བྱེད་དགོས།

གྲོས་ཚོགས་ཐོག་ད་དུང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཅུས་ཀྱི《བདེ་ཆེན་ཁུལ་གྱི་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་ལེན་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་དགོངས་སྐོར་ཞུ་ཡིག》ལ་གྲོས་ཞིབ་བྱས་ཤིང་རྩ་དོན་ཐོག་གྲོས་འཆམ་བྱུང་བ་རེད།

བདེ་ཆེན་ཁུལ་འཕེལ་སྒྱུར་ཨུ་དང་།བཟོ་ལས་དང་ཆ་འཕྲིན་ཅན་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གྲོས་ཚོགས་སུ་ཟུར་ཞུགས་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག