མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཉིན་རེའི་ཚགས་པར་གྱི་འཇོལ་རྫོང་གསར་འགྱུར་འགོད་མཁན་ས་ཚིགས་ཚེས14ཉིན་དབུ་བརྙེས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-21 10:32

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གི་རྫོང་ཨུ་དང་རྫོང་སྲིད་གཞུང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་སོགས་ཀྱིས་འཇོལ་རྫོང་སྲིད་འཛིན་ལྟེ་གནས་ཀྱི་གྲོས་ཚོགས་ཁང་དུ་བདེ་ཆེན་ཉིན་རེའི་ཚགས་པར་ཁང་འཇོལ་རྫོང་གསར་འགྱུར་འགོད་མཁན་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ། གསར་འགྱུར་འགོད་མཁན་ས་ཚིགས་དབུ་བརྙེས་ནས། གོམ་གང་མདུན་སྤོས་ཀྱིས་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་འཇོལ་རྫོང་གི་གསར་འགྱུར་འགོད་པ་དང་དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་གཏོང་བར་ལ་ནུས་པ་ལྡན་པའི་རྩ་འཛུགས་ཀྱི་འགན་སྲུང་དང་ཆེད་གཉེར་གྱི་གསར་འགྱུར་འགོད་པའི་ནུས་ཤུགས་འདོན་ཐུབ་རྒྱུ་རེད།

“འཇོལ་རྫོང་གསར་འགྱུར་འགོད་མཁན་ས་ཚིགས་དབུ་བརྙེས་པ་ནི་འགོ་ཚུགས་ས་གསར་པ་ཞིག་ཡིན་ལ། གསར་དུ་འཛུགས་པའི་འཇོལ་རྫོང་གསར་འགྱུར་འགོད་མཁན་ས་ཚིགས་ཀྱིས་མུ་མཐུད་དུ་སྨྱན་བྱད་གཙོ་བོའི་གནས་བབ་བཟང་པོ་དང་མཁས་དབང་གི་གནས་བབ་བཟང་པོ་འདོན་སྤེལ་བྱེད་དེ། ཡང་དག་པའི་ངང་ནས་གླེང་ཕྱོགས་ཁྲིད་སྟོན་བྱས་ནས་འཇོལ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་འཕེལ་ལ་ནུས་ཤུགས་འདོན་པའི་རེ་འདུན་ཞུ་རྒྱུ་ཡིན།”འཇོལ་རྫོང་རྫོང་ཨུའི་འགན་འཁུར་མི་སྣ་ཀྲང་ཡུང་མིང་གིས་དེ་འདྲ་བཤད་པ།

བདེ་ཆེན་ཉིན་རེའི་ཚགས་པར་གྱི་འཇོལ་རྫོང་གསར་འགྱུར་འགོད་མཁན་ས་ཚིགས་གྲ་སྒྲིག་བྱེད་པའི་བར་སྐབས་སུ། འཇོལ་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཆེས་མཐོའི་མཐོང་ཆེན་བྱས་ནས་གསར་འགྱུར་འགོད་མཁན་ས་ཚིགས་འཁོར་སྐྱོད་བྱེད་ཐུབ་པའི་འགན་སྲུང་བརྟན་པོ་དང་ཆ་རྐྱེན་ཡག་པོ་བཏོན་ཡོད།

བདེ་ཆེན་ཉིན་རེའི་ཚགས་པར་གྱི་འགན་འཁུར་མི་སྣ་ཆན་ཞིང་གིས་བསྟན་དོན། བདེ་ཆེན་ཉིན་རེའི་ཚགས་པར་གྱི་འཇོལ་རྫོང་གསར་འགྱུར་འགོད་མཁན་ས་ཚིགས་ཀྱིས་འཇོལ་རྫོང་དྲིལ་བསྒྲགས་བྱེད་པ་དང་། འཇོལ་རྫོང་མཚམས་སྦྱོར་བྱེད་པ། འཇོལ་རྫོང་གི་རྣམ་པ་འཛུགས་པ་དང་སྟོན་པ། འཇོལ་རྫོང་གི“དཔལ་ཡོན་གཉིས”འཛུགས་སྐྲུན་བྱེད་པ་སོགས་ཀྱི་གལ་ཆེའི་དྲིལ་བསྒྲགས་གླེང་ཕྱོགས་ཀྱི་ལས་འགན་འཁུར་ཡོད། གོམ་པ་རྗེས་མའི་ལས་ཀའི་ཁྲོད་དུ་སྔར་ལས་ལ་ལྷག་པར་ཆབ་སྲིད་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་མཐོ་རུ་བཏང་ནས་འདང་ངེས་ཀྱིས་གསར་འགྱུར་འགོད་མཁན་ས་ཚིགས་ཀྱི་གླེང་ཕྱོགས་དྲིལ་བསྒྲགས་ཀྱི་ནུས་ཤུགས་གཙོ་བོ་འདོན་སྤེལ་བྱས་ནས། ཤུགས་ཆེན་གྱིས་བདེ་ཆེན་ཉིན་རེའི་ཚགས་པར་ཀྱི་འཇོལ་རྫོང་པར་ངོས་དང་འཇོལ་རྫོང་གི་ཁ་པར་འཕྲིན་གསར་ཀྱི་གླེང་ཕྱོགས་ཁྲིད་སྟོན་བྱེད་ནུས་དང་ཆུ་ཚདཇེ་མཐོར་གཏོང་རྒྱུ་ཡིན་པ་རེད། གསར་འགྱུར་འགོད་མཁན་ས་ཚིགས་ཀྱིས་ངེས་པར་དུ་གོམ་གང་མདུན་སྤོས་ཀྱིས་མང་ཚོགས་ཀྱི་ལམ་ཕྱོགས་དང་། མང་ཚོགས་ཀྱི་ལྟ་བ། མང་ཚོགས་ཀྱི་འདུ་ཤེས་བཙུགས་ནས། གཏིང་ཟབ་ཀྱིས“ཉེ་བཅར་གསུམ”དོན་དུ་འཁྱོལ་བ་དང་“གཞི་རིམ་དུ་སྐྱོད་པ་དང་། སྤྱོད་ཚུལ་སྒྱུར་བ། རྩོམ་སྲོལ་སྒྱུར་བའི་”ལས་དོན་ཐོག་ཤུགས་འདོན་པ། འཇོལ་རྫོང་གི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ཆེད་དུ་ལེགས་སྐྱེས་ཆེན་པོ་འབུལ་དགོས།

བདེ་ཆེན་ཉིན་རེའི་ཚགས་པར་གྱིས་འཇོལ་རྫོང་དུ་གསར་འགྱུར་འགོད་མཁན་ས་ཚིགས་འཛུགས་པ་དེ་འཇོལ་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བདེ་ཆེན་ཉིན་རེའི་ཚགས་པར་དང་མཉམ་དུ་གླེང་ཕྱོགས་ཁྲིད་སྟོན་བྱེད་པའི་ངང་ཚུལ་གཏོད་པའི་རྣམ་པ་གསར་པ་ཞིག་ཡིན་ལ། དེ་བས་རིམ་པ་མཐོ་ཞིང་རྒྱ་ཆེ་བའི་ཁྱབ་ཁོངས་སུ་འཇོལ་རྫོང་དྲིལ་བསྒྲགས་བྱེད་པའི་ཆེད་དུ་སྟེགས་བུ་གསར་པ་འཛུགས་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག