མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་འཆར་ལྡན་བུ་བཙའ་ཅུས་ཀྱིས“བུ་ཕྲུག་གཅིག་པུ་ཤོར་བའི”ཁྱིམ་ཚང་ལ་ཐུགས་འཁུར་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-20 10:24

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་མི་གྲངས་དང་འཆར་ལྡན་བུ་བཙའ་ཅུས་དང་རྫོང་འཆར་ལྡན་བུ་བཙའ་མཐུན་ཚོགས་ཀྱིས་རྫོང་ཡོངས་ཀྱི་“བུ་ཕྲུག་གཅིག་པུ་ཤོར་བའི”ཁྱིམ་ཚང་167ལ་འཚམས་འདྲི་ཞུས་ཤིང་ལུས་ཁམས་བདེ་ཐང་གི་ཞིབ་བཤེར་བྱས་པ་རེད།

ཟླ11པའི་ཚེས6ཉིན། “བུ་ཕྲུག་གཅིག་པུ་ཤོར་བའི”ཁྱིམ་ཚང་ལ་ཐུགས་འཁུར་བྱེད་པའི་བྱེད་སྒོ་ཐོག་མར་པའེ་ཅི་ཞུན་ཤང་དུ་སྤེལ་བ། ཉིན་དེར་རྫོང་འཆར་ལྡན་བུ་བཙའ་ཅུས་ཀྱི་ལས་བྱེད་མི་སྣས་སྨན་བཅོས་ཡོ་བྱད་ཁྱེར་ནས་པའེ་ཅི་ཞུན་ཤང་“བུ་ཕྲུག་གཅིག་པུ་ཤོར་བའི”ཁྱིམ་ཚང་གི་རྒན་པོ8ལ་ལུས་ཁམས་བདེ་ཐང་ཞིབ་བཤེར་བྱས་ཤིང་། ད་དུང་ཁྱིམ་ཚང་རེ་ལ་འཚམས་འདྲི་མ་དངུལ་སྒོར300སྤྲད་པ་རེད། ལོ61ལོན་པའི་རྒན་པོ་ཧོ་ཡུས་ཀྲིན་གྱི་བུ་མོ་གཅིག་པུ་ཚེ་ལས་འདས་ནས་ལོ10ཟིན་པ་དང་ཚེ་གྲོགས་ཀྱང་ལོ་མང་པོའི་སྔོན་དུ་ཚེ་ལས་འདས་པ་རེད། “ལོ་ལྟར་སྲིད་གཞུང་གིས་ང་ཚོ་ལྟ་བུ་རྒན་པོ་ལ་འཚམས་འདྲི་གནང་ཡོང་བ། ད་ལྟའི་སྲིད་ཇུས་དེ་འདྲ་ཡག་པོ་ཡོད་ལ། ང་ཚོ་ལོ་ལྟར་སྲིད་གཞུང་གིས་སྤྲད་པའི་དངུལ་དང་གོས་སོགས་བླངས་ཆོག་པ། ཏང་གི་སྲིད་ཇུས་ཡག་པོ་ཡིས་ང་ཚོ་རྒན་པོ་རྣམས་ལ་འཚོ་བའི་བརྟེན་ས་འདོན་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།”

ཤེས་གསལ་བྱུང་དོན། ཉེ་ཆར་འབའ་ལུང་རྫོང་འཆར་ལྡན་བུ་བཙའ་ཅུས་ཀྱིས་ཤང་དང་གྲོང་རྡལ་གཞན་དུ“བུ་ཕྲུག་གཅིག་པུ་ཤོར་བའི”ཁྱིམ་ཚང་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་དང་ལུས་ཁམས་ཞིབ་བཤེར་བྱ་རྒྱུ་རེད། དམིགས་གསལ་གྱི་མི་ཚོགས་དེ་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་ཐུགས་འཁུར་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག