མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་བསམ་པའི་དཔལ་ཡོན་གསར་འཛུགས་ལས་ཀའི་སྐུལ་སྤེལ་གྲོས་ཚོགས་རྒྱལ་ཐང་གྲོང་རྡལ་ཅིན་ལུང་སྡེ་ཁུལ་ནས་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-20 10:24


སྤྱི་ཟླ11ཚེས13ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་བསམ་པའི་དཔལ་ཡོན་གསར་འཛུགས་ལས་ཀའི་ལས་ཡུལ་དངོས་ཀྱི་སྐུལ་སྤེལ་གྲོས་ཚོགས་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་ཅིན་ལུང་སྡེ་ཁུལ་ནས་འཚོགས་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11ཚེས་13ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བསམ་པའི་དཔལ་ཡོན་གསར་འཛུགས་ལས་ཀའི་ལས་ཡུལ་དངོས་ཀྱི་སྐུལ་སྤེལ་གྲོས་ཚོགས་དེ་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་ཅིན་ལུང་སྡེ་ཁུལ་ནས་འཚོགས་པ།གྲོས་ཚོགས་ཐོག་རང་ཁུལ་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་ལས་ཀར་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་ཤིང་།མིག་སྔར་ཐུག་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་པ་དང་།ཁུལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་གསར་འཛུགས་ལས་ཀར་ཡང་བསྐྱར་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད།

བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་མ་ཝུན་ལུང་དང་ཁུལ་ཨུའི་རྒྱུན་ཨུ།ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལུའུ་ཡུང་མིང་།ཁུལ་ཨུའི་རྒྱུན་ཨུ།སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཧྲུའུ་ཅི་ཡུས་ཧྲིང་ཞང་།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སུང་ཐའོ་སོགས་ལས་ཡུལ་དངོས་ཀྱི་སྐུལ་སྤེལ་གྲོས་ཚོགས་སུ་ཞུགས་པ་རེད།

ཉིན་དེར།གྲོས་ཚོགས་སུ་ཞུགས་པའི་མི་སྣས་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་རྫོང་དོང་བསྙལ་ནས་རག་བཟོ་གྲྭ་དང་སྐར་བཅུ་རིམ་པའི་དཔལ་ཡོན་དུད་ཚང་།ཅིན་ལུང་སྡེ་ཁུལ་གྱི་སྡོད་མིའི་ཨུ་ཡོན་ལྷན་ཁང་བཅས་སུ་ལྟ་སྐོར་བྱས་པ་རེད།སེམས་ཀྱི་ཉི་ཟླ་རྫོང་ཅིན་ལུང་སྡེ་ཁུལ་དང་འཇོལ་རྫོང་ཨ་བརྟན་རྩེ་གྲོང་སྡེ།འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་གྱི་སྐར་བཅུ་རིམ་པའི་དུད་ཚང་བཅས་ཀྱིས་བསམ་པའི་དཔལ་ཡོན་གསར་འཛུགས་ལས་ཀའི་ཁྲོད་ཀྱི་བྱ་ཐབས་དང་ཉམས་མྱོང་སྤེལ་རེས་བྱས་པ་རེད།གྲོས་ཚོགས་སུ་ཞུགས་པའི“སྐྱེ་བོ་ཀུན་གྱིས་སེམས་ཀྱི་ཉི་ཟླར་གཅེས་དགའ་བྱེད་པའི་དཔལ་ཡོན་དཔེ་སྟོན་སའི”མཚན་སྙན་ཐོབ་པའི་སྡེ་ཁག་ལ་བྱ་དགའ་དང་བྱང་བུ་གནང་བ་རེད།

མ་ཝུན་ལུང་གིས་སྐུལ་སྤེལ་གྲོས་ཚོགས་སུ་གསུང་བཤད་གནང་བ།ཁོང་གིས་བསྟན་དོན།ཉེ་བའི་ལོ་འགའི་རིང་ལ།དམིགས་བསལ་དུ་ཏང་གི་ཚོགས་ཆེན་བཅུ་བདུན་པ་འཚོགས་པའི་ཚུན་ལ།ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོ་ཡིས་ཏན་ཏིག་གིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་།གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་ངང་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ལ་གཞིགས་པ་དང་།མི་རིགས་ཁག་གི་དཔལ་ཡོན་བྱང་ཚད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་ཡོན་ཆུ་ཚད་མཐོ་རུ་གཏོང་རྒྱུ་ལྟེ་བར་འཛིན་པ།དཔལ་ཡོན་ལྡན་པའི་རྫོང་མཁར་ཧུར་ཐག་གིས་གསར་འཛུགས་བྱེད་རྒྱུ་དམིགས་ཡུལ་དུ་བྱས་ཏེ།ཁྱབ་རྒྱ་ཆེན་མོའི་ངང་ནས་“སེམས་ཀྱི་ཉི་ཟླར་སྐྱེ་བོ་ཀུན་གྱིས་གཅེས་དགའ་བྱེད་པའི”བྱེད་སྒོ་སྤེལ་བས།གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་རེད།རིམ་པ་ཁག་དང་སྡེ་ཁག་སོ་སོའི་གསར་འཛུགས་བྱེད་སྒོའི་ཁྲོད་དུ་མིག་དཔེ་གསར་པ་མང་པོ་ཐོན་ཡོད་ལ།ཁུལ་ཡོངས་ཀྱི་དཔལ་ཡོན་གྲོང་སྡེའི་གསར་འཛུགས་ཁྱབ་ཚད་དེ་75%ཟིན་ཡོད་པས།བདེ་ཆེན་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་བཏོན་ཞིང་བྱས་རྗེས་བཞག་ཡོད་པ་རེད།

གོང་རིམ་འོག་མའི་བསམ་པའི་དཔལ་ཡོན་གསར་འཛུགས་ལས་ཀའི་ཐད་ལ།མ་ཝུན་ལུང་གིས་བླང་བྱ་བཏོན་དོན།གཅིག་ནི“ཀྲུང་གོའི་རྨི་ལམ”གྱི་བདེ་ཆེན་ལེ་ཚན་གྱི་མཐོ་ཚད་ཐོག་ནས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུག་ཆེ་བའི་རང་བཞིན་ལ་ཤེས་རྟོགས་འདང་ངེས་བྱེད་དགོས།གཉིས་ནི་ཏན་ཏན་ཏིག་ཏིག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་འཆམ་མཐུན་འཕེལ་རྒྱས་ཡོང་བར་བསམ་པའི་རིག་གནས་ཀྱི་རྒྱབ་སྐྱོར་མཁོ་སྤྲོད་བྱེད་དགོས།གསུམ་ནི་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱེད་པའི་གནས་བབ་གསར་པ་གཏོད་དགོས།

ལུའུ་ཡུང་མིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།ཁོང་གིས་བླང་བྱ་བཏོན་དོན།རིམ་པ་ཁག་དང་སྡེ་ཁག་སོ་སོ་ཡིས་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་།འདུ་ཤེས་མཐོ་རུ་གཏོང་ཞིང་།ལག་བསྟར་བྱ་རྒྱུར་དམ་འཛིན་བྱེད་དགོས་ལ།“སེམས་ཀྱི་ཉི་ཟླར་སྐྱེ་བོ་ཀུན་གྱིས་གཅེས་དགའ་བྱེད་པའི”བྱེད་སྒོ་དེ་གཏིང་ཟབ་ཏུ་སྤེལ་དགོས།ངང་ཚུལ་ལེགས་པོ་ཞིག་བཏོད་ནས་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དཔེ་སྟོན་ཁུལ་འཛུགས་པར་བསམ་པའི་སྒུལ་ཤུགས་དང་རིག་གནས་ཀྱི་རྒྱབ་སྐྱོར་མཁོ་སྤྲོད་བྱེད་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན།རང་ཁུལ་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱེད་པའི་ཁྲོད་དུ།སྔ་རྗེས་སུ་རྒྱལ་ཡོངས་ཀུན་སྤྱོད་མིག་དཔེ་ཉི་མ་ལྷ་མོ་དང་རྒྱལ་ཡོངས་ཀུན་སྤྱོད་མིག་དཔེའི་མིང་འདོན་བྱ་དགའ་ཐོབ་མཁན་བྱང་ཆུབ་མོ་སོགས་ཀུན་སྤྱོད་མིག་དཔེ་ཐོན་པ་རེད།ཁུལ་ཡོངས་སུ་ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་ཚན་88་དང་ཁུལ་རིམ་པའི་དཔལ་ཡོན་སྡེ་ཚན་130 ཁུལ་རིམ་པའི་དཔལ་ཡོན་གྲོང་རྡལ་ཆུང་བ་12 ཁུལ་རིམ་པའི་དཔལ་ཡོན་སྡེ་ཁུལ་6 ཁུལ་རིམ་པའི་དཔལ་ཡོན་གྲོང་སྡེ་90 ཁུལ་རིམ་པའི་“སྐར་བཅུ་རིམ་པའི་དཔལ་ཡོན་དུད་ཚང་”58བཅས་གསར་འཛུགས་བྱས་པ་རེད།བདེ་ཆེན་ཁུལ་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཅུས་ལ་རྒྱལ་ཡོངས་དཔལ་ཡོན་སྡེ་ཚན་གྱི་མཚན་སྙན་ཐོབ་པ།འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་ལ་ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་རྡལ་ཆུང་བའི་མཚན་སྙན་ཐོབ་པ།སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་ཅིན་ལུང་སྡེ་ཁུལ་དང་འཇོལ་རྫོང་ཏུན་ཧའོ་སྡེ་ཁུལ་ལ་ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་ཁུལ་གྱི་མཚན་སྙན་ཐོབ་པ།འཇོལ་རྫོང་ཧྲིང་ཕིང་གྲོང་རྡལ་ཨ་བརྟན་རྩེ་གྲོང་སྡེ་སོགས་ནི་གྲུབ་འབྲས་ཐོབ་པའི་ངང་རྒྱལ་ཡོངས་དཔལ་ཡོན་གྲོང་སྡེར་གསར་འཛུགས་བྱས་པ།འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་ནན་ཅན་གྲོང་གསར་ལ་རྒྱལ་ཡོངས་དཔལ་ཡོན་གྲོང་སྡེའི་གསར་འཛུགས་སྔོན་ཐོན་སྡེ་ཚན་གྱི་མཚན་སྙན་ཐོབ་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག