མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་ཏང་ཨུའི་རྒྱུན་ཨུ་ཚན་སྡེས་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-20 10:24

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས18ཉིན་བསྡུས་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་ཏང་ཨུའི་རྒྱུན་ཨུ་ཚན་སྡེས་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་དང་།  ཚོགས་འདུ་ལས་ཏང་ཨུའི་ཚན་སྡེ་ཡིས་ཏང་བཙུགས་པ་གཞུང་གི་ཆེད་དང་སྲིད་སྐྱོང་བ་དམངས་ཀྱི་ཆེད་ཞེས་པའི་རྩ་དོན་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ།  ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་སྣེ་ཁྲིད་ནས་རྒྱལ་ཡོངས་བོད་ཁུལ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་དུས་ཡུན་རིང་བའི་བདེ་འཇགས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ལས་འགན་ཡིད་ལ་དམ་པོར་བཅིངས་དགོས་པ་དང་།  དམངས་གཙོ་འཚོ་བའི་ཚོགས་འདུ་ལས་ཐོན་པའི་གྲུབ་འབྲས་འཕེལ་རྒྱས་བདེ་འཇགས་ཕྱོགས་ཀྱི་བྱ་གཞག་སོ་སོ་ནང་བཀོལ་པ་བཅས་སློབ་སྦྱོང་དང་གསར་སྐྲུན།  ལག་བསྟར་བྱེད་པའི་མིག་དཔེ་རུ་འཇོག་དགོས་པ་མ་ཟད།  སྔར་ལས་ལྷག་པར་བསམ་བློ་གཅིག་གྱུར་བྱས་ཏེ་དེང་སྐབས་ཀྱི་གནས་བབ་ལ་ངོས་ཤེས་ཟབ་མོ་སྤྱད་དགོས་པ་དང་།  ཕན་འབྲས་ཡོད་པའི་བྱེད་ཐབས་སྣ་ཚོགས་བཀོལ་དེ་སྤྱི་ཚོགས་དཔལ་འབྱོར་མུ་མཐུད་དུ་བདེ་བླག་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་དགོས་པའི་བླང་བྱ་བཏོན།  

 བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏིན་ལིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག