མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཁྲེན་ཁྲུན་ཡན་གྱིས་ལས་ལམ་གསར་འབྱེད་བྱས་ནས་བསམ་འདུན་སྒྲུབ་ཐུབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-20 10:24

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཁྲེན་ཁྲུན་ཡན་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཧྲུའུ་ཏ་ཚོགས་ཁག་གི་གཙོ་འཛིན་གཞོན་པ་དང་ཧྲུའུ་ཏ་སྐྱེ་ལྡན་བཟའ་ཆས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིན་ལི་ཡིན་ལ། ལོ10ལྷག་གི་འབད་བརྩོན་བརྒྱུད་ནས་མོས་རང་གི་བསམ་འདུན་སྒྲུབ་ཐུབ་པ་རེད།

ཐོག་མར་མོ་ལོ8ཀྱི་དུས་སུ་ཀང་ཆིན་སྦྱོང་བའི་ཆེད་དུ་ཁུན་མིང་དུ་སླེབས་པ། “ངས་ཀང་ཆིན་སྦྱོང་བ་ལ་དགའ་པོ་མི་འདུག” ཁྲེན་ཁྲུན་ཡན་གྱིས་འཛུམ་བག་སྟོན་ཞིང་ལོ་ཆུང་དུས་ཀྱི་གཏམ་བཤད་པ“ང་ཚོའི་དགེ་རྒན་གྱིས་ངའི་སྐད་ཅུང་ཡག་པོ་འདུག་སྙམ་ནས་རྗེས་མ་ང་ལ་གླུ་ལེན་སློབ་སྦྱོང་བྱེད་བཅུག་པ་རེད།” ལོ་འགའི་རྗེས་སུ་ཁྲེན་ཁྲུན་ཡན་འབྲིང་རིམ་ཆེད་ལས་སློབ་གྲྭ་ནས་མཐར་ཕྱིན་པས། ཀང་ཆིན་ནམ་གླུ་ལེན་བ་སོགས་ཀྱི་སྒྱུ་རྩལ་ལས་དོན་དུ་ཞུགས་མེད། 1997ལོར་དངུལ་ཁང་གི་ལས་གནས་སུ་ཞུགས་པ་རེད། དངུལ་ཁང་དུ་ཡོད་དུས་འཚོ་བ་དང་ཡོང་སྒོ་ཅུང་བརྟན་པོ་ཡིན་མོད། འོན་ཀྱང་ཁྲེན་ཁྲུན་ཡན་གྱི་སེམས་ནང་ལ་རང་ཉིད་ཀྱིས་ལས་ལམ་འབྱེད་པའི་བསམ་འདུན་ཞིག་ཡོད་དེ། ལོ་བཞིའི་རྗེས་མར་མོས་དངུལ་ཁང་ལ་ལས་ཁུར་དགོངས་ཞུ་འབུལ་ནས་ཕྱིར་ཐོན་པ། དུས་དེར་མོ་ལོ་ན22ལས་ཟིན་མེད།

ཁྲེན་ཁྲུན་ཡན་གྱིས་ཁྱིམ་ནང་དུ་ལོག་ནས་ཐེངས་གཅིག་གྲོང་ཁྱེར་གྱི་མི་མང་པོ་སེམས་ཀྱི་ཉི་ཟླའི་ནས་དང་སྦྲང་རྩི་སོགས་གནོད་མེད་བཟའ་ཆས་དགའ་པོ་ཡོད་པར་ཤེས། དེ་ནས་བཟུང་མོས་ཐོན་རྫས་དེ་དག་ཁུན་མིང་དུ་ཁྱེར་ནས་འཚོང་བ་རེད། འོན་ཀྱང་མོས་ཁུན་མིང་གི་ཚོང་ར་ལ་ཤེས་རྟོགས་ཡག་པོ་མེད་ཅིང་རྩིས་རྒྱག་མ་ཤེས་པའི་རྐྱེན་གྱིས་ཚོང་ཡག་པོ་རྒྱག་ཐུབ་མེད། མོས་ཐེངས་དང་པོ་ལས་ལམ་གསར་འབྱེད་བྱེད་པར་ཕམ་པའི་ངང་མཇུག་སྒྲིལ་བ་རེད།

སེམས་ཀྱི་ཉི་ཟླར་སྤུས་ལེགས་ཀྱི་སྟར་ཁ་ཡོད་ལ། སྟར་ཁའི་སྣུམ་བཟོ་ཞིང་གྲོང་ཁྱེར་གཞན་དུ་འཚོང་ན་ཡག་པོ་འདུག་གམ་མོའི་སེམས་ནང་ལ་ལས་ལམ་གསར་འབྱེད་ཀྱི་བསམ་ཚུལ་ཞིག་བྱུང་བ། 2008ལོར། ཁྲེན་ཁྲུན་ཡན་གྱིས་གྲོགས་འགའ་དང་ཁ་བརྡ་བྱེད་དུས་སེམས་ཀྱི་ཉི་ཟླར་སྟར་ཁའི་སྣུམ་བཟོ་བའི་ཁེ་ལས་གཅིག་ཡོད་པར་ཚོར་བ། ཁེ་ལས་དེའི་མིང་ལ་ཧྲུའུ་ཏ་ཚོགས་ཁག་ཟེར་ཞིང་། དེ་ནི་སྟར་ཁ་དང་སྟར་ཁའི་སྣུམ། སྟར་ཁའི་ཕྱེ་མ་སོགས་ཐོན་སྐྱེད་དང་ལས་སྣོན། ཚོང་གཉེར་བྱེད་པའི་ཕྱོགས་བསྡུས་ཅན་གྱི་དམངས་གཉེར་ཁེ་ལས་ཞིག་ཡིན་པ་རེད། 2009ལོར་མོས་དངོས་སུ་སེམས་ཀྱི་ཉི་ཟླའི་ཧྲུའུ་ཏ་ཚོགས་ཁག་དུ་ཞུགས་པ། དེ་ནས་བཟུང་མོས་ཕུན་སུམ་ཚོགས་པའི་སྟར་ཁའི་ཐོན་ཁུངས་དེ་དཔལ་འབྱོར་ཐོན་ཁུངས་དང་གོང་འཕེལ་གྱི་གནས་བབ་ཡག་པོར་གྱུར་བའི་ལམ་བུ་རུ་སྐྱོད་པ།

སྟར་ཁའི་ཐོན་རྫས་ཁྱབ་གདལ་གཏོང་བའི་ཆེད་དུ། ཁྲེན་ཁྲུན་ཡན་གྱིས་རྒྱུན་དུ་ལས་ཞོར་གྱི་དུས་བེད་སྤྱོད་དེ་དཔེ་མཛོད་ཁང་དུ་ཚན་རྩལ་གྱི་དཔྱད་ཡིག་སོགས་ཞིབ་འཇུག་བྱས་པ། མོས་ནན་ཏན་གྱིས་སློབ་སྦྱོང་བྱས་ནས་མུ་མཐུད་དུ་ཡར་རྒྱས་བརྩོན་ལེན་བྱས། ཁྲེན་ཁྲུན་ཡན་ནི་རིམ་བཞིན་ཀུང་སིའི་ཚོང་གཉེར་བྱེད་མཁན་གཙོ་བོར་གྱུར་བ། ཧྲུའུ་ཏ་ཚོགས་ཁག་གི་ཐོན་རྫས་ཀྱི་ཚོང་ལམ་དེའང་མོའི་འབད་བརྩོན་འོག་ཡང་ནས་ཡང་དུ་རྒྱ་ཆེར་གྱུར་ཡོད། ད་ལོར་ཁྲེན་ཁྲུན་ཡན་ཡུན་ནན་སློབ་ཆེན་ཚོང་ལས་དང་ཡུལ་སྐོར་ལས་རིགས་སློབ་གླིང་སོགས་ཀྱིས་སྒྲིག་འཛུགས་བྱས་པའི་བུད་མེད་ཀྱི་ལས་ལམ་གསར་འབྱེད་གསོ་སྦྱོང་དུ་ཞུགས་པ། “གསོ་སྦྱོང་དེ་ཕན་པ་ཧ་ཅང་ཆེན་པོ་འདུག ཁྱད་པར་དུ་ཚོང་གཉེར་འཐབ་ཇུས་སོགས་ཀྱི་ཤེས་བྱ་སྦྱོང་ནས་ང་ལ་དེ་ལས་གསལ་བའི་ཁེ་ལས་ཀྱི་གོང་འཕེལ་མདུན་ལམ་ཞིག་བསྟན་ཡོད།”ཁྲེན་ཁྲུན་ཡན་གྱིས་དགའ་ཞིང་དེ་འདྲ་བཤད་བྱུང་།

ངོ་སྤྲོད་བྱས་པ་ལྟར། ད་ལྟ་ཧྲུའུ་ཏ་ཚོགས་ཁག་གིས་པེ་ཅིང་དུ་དོན་གཅོད་ཁང་འཛུགས་ཡོད། ཟླ་མཆོད་དུས་ཆེན་གྱི་བར་སྐབས་སུ་པེ་ཅིང་གི་ཚད་བརྒལ་ཚོང་ཁང་དུ་ཁོ་ཚོའི་ཐོན་ལས་ཀྱི་ཚོང་གཉེར་ཅུང་ཡག་པོ་ཐོབ་པ།

ཁྲེན་ཁྲུན་ཡན་གྱིས་ལས་ལམ་གསར་འབྱེད་ཀྱི་ལམ་བུ་རུ་འབད་བརྩོན་བྱས་པའི་ལོ10ལྷག་གི་རིང་ལ། འགལ་རྐྱེན་མང་པོ་འཕྲད་མྱོང་ལ། འོན་ཀྱང་ཁྱིམ་མི་དང་གྲོགས་པོ་རྣམས་ཀྱི་ཐུགས་འཁུར་དང་རང་ཉིད་ཀྱི་ཧུར་བརྩོན་བྱས་པ་བརྒྱུད་ནས་རང་གི་བསམ་འདུན་སྒྲུབ་ཐུབ་པ་རེད། མོས་བཤད་པ་ལྟར། འགྲོ་ལམ་ནི་རང་གི་རྐང་པ་འོག་ཏུ་ཡོད་ལ། ལས་ལམ་གསར་འབྱེད་བྱས་ནས་ངའི་བསམ་འདུན་སྒྲུབ་ཐུབ་པས། ངས་རང་གི་བསམ་ཚུལ་ལག་བསྟར་བྱས་ནས་གྲུབ་འབྲས་ཐོབ་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག