མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་གནས་སྐོར་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-19 11:07

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་དང་པོ་ནས་སྤྱི་ཟླ10བའི་བར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི1116.3སྣེ་ལེན་བྱས་པ་དང་།  དུས་མཉམ་ལས27.3%ཡར་འཕར།  དེའི་ནང་ཕྱི་རྒྱལ་གྱི་གནས་སྐོར་བ་མི་ཐེངས་ཁྲི119.73སྣེ་ལེན་བྱས་པ་དང་། ལོ་སྔོན་མ་དང་བསྡུར་ན་དུས་མཉམ་ལས21.7%ཡར་འཕར།  སྤྱི་ཟླ་དང་པོ་ནས་སྤྱི་ཟླ10བའི་བར།  ཁུལ་ཡོངས་ནས་གནས་སྐོར་ཐད་ཀྱི་སྤྱིའི་ཡོང་སྒོ་སྒོར་ཁྲི1107586.33ལེགས་འགྲུབ་བྱུང་བ་དང་།  ལོ་སྔོན་མ་དང་བསྡུར་ན་དུས་མཉམ་ལས33%ཡར་འཕར། ཕྱི་སྒོར་ཡོང་སྒོ་ཨ་སྒོར་ཁྲི60576.79ལེགས་འགྲུབ་བྱུང་བ་དང་།  ལོ་སྔོན་མ་དང་བསྡུར་ན་དུས་མཉམ་ལས26.14%ཡར་འཕར།  སྔར་ལས་ལྷག་པར་གནས་སྐོར་ཐོན་ལས་ཀྱི་རྣམ་པའི་བསྒྱུར་སྟངས་མཐོར་འདེགས་བྱེད་པ་དང་གནས་སྐོར་ཐོན་རྫས་གསར་སྤེལ།  གནས་སྐོར་ཚོང་རྫས་ཕྱི་ཚོང་།  གནས་སྐོར་ཞབས་ཞུ་རྒྱ་ཆེར་སྤེལ་བ་སོགས་བྱེད་ཐབས་ཀྱིས་སྐུལ་འདེད་འོག  ཁུལ་ཡོངས་ཀྱི་གནས་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲ་བཞིན་ཡོད། ད་ལོའི་རྒྱལ་སྟོན་དུས་ཆེན་སྐབས་སུ།  ཁུལ་ཡོངས་ནས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་བསྡོམས་པས་མི་ཐེངས་ཁྲི34.79སྣེ་ལེན་བྱས་པ་དང་།  ལོ་སྔོན་མ་བསྡུར་ན་དུས་མཉམ་ལས23.7%ཡར་འཕར།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག