མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པས་གསར་རྩོམ་བྱས་པའིཞབས་བྲོ་ཟློས་གར《ཤམ་བྷ་ལ》ཞེས་པ་རྒྱལ་ཁབ་ཟློས་གར་གླིང་དུ་འཁྲབ་སྟོན་བྱེད་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-19 11:07


ཞབས་བྲོ་ཟློས་གར《ཤམ་བྷ་ལ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ11པའི་ཚེས23ཉིན་ནས་ཚེས24ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས་གསར་རྩོམ་བྱས་པའི་ཞབས་བྲོ་ཟློས་གར《ཤམ་བྷ་ལ》ཞེས་པ2013ལོར་རྒྱལ་ཁབ་ཟློས་གར་གླིང་ཞབས་བྲོ་དུས་ཆེན་སྟེང་གི་འཁྲབ་སྟོན་བརྩམས་ཆོས་ཡིན་པའི་ཆ་ནས།  མི་འགྱངས་བར་རྒྱལ་ཁབ་ཟློས་གར་གླིང་དུ་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་དང་།  ཞབས་བྲོ་ལས་ཐུན་མོང་མ་ཡིན་པའི་གངས་རིའི་མཐོ་སྒང་གི་ས་གཤིས་ཆགས་ཚུལ་དང་ཡུལ་སྲོལ། རྟ་ནོར་ལུག་གསུམ་སོགས་མཛེས་ལྗོངས་མངོམ་ཡོད་པས།  ཤམ་བྷ་ལའི་ལྟ་ན་སྡུག་པའི་མཛེས་ལྗོངས་དང་བོད་མི་རིགས་ཀྱི་བརྩེ་སེམས་རྒྱ་ཆེའི་ལྟད་མོ་བའི་སྤྱན་ལམ་དུ་བཀྲམ་རྒྱུ་རེད།

 1959ལོར་བཙུགས་པའི་བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་ལས་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ་གཅིག་པུ་ཡིན་ལ།  ལོ་དུ་མའི་རིང་ལ་བསམ་བློ་རང་བཞིན་དང་སྒྱུ་རྩལ་རང་བཞིན་གྱི་བརྩམས་ཆོས་གསར་སྐྲུན་བྱེད་པར་རྒྱུན་འཁྱོངས་བྱས་པ་བརྒྱུད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རིག་གནས་པུའུ་བཅས་ཀྱིས་ཐེངས་མང་པོར་གཟེངས་བསྟོད་ཐོབ།  འཐུས་ཚབ་བརྩམས་ཆོས་ལ《ཤམ་བྷ་ལ》དང《ཁ་བ་དཀར་པོའི་བསྟོད་གླུ》སོགས་ཡོད་ལ། ཉེ་བའི་ལོ་འགའི་རིང་།  བདེ་ཆེན་ཁུལ་གླུ་གར་ཚོགས་པ་འཇར་མན་དང་ཨོ་སི་ཁྲུ་རི་ཡ།  འཇར་པན།  མོ་ཞི་ཁོ།  ཨ་མེ་རི་ཁ་སོགས་རྒྱལ་ཁབ་ལ་འཁྲབ་སྟོན་བྱེད་དུ་སོང་བ་དང་ཤམ་བྷ་ལའི་མི་རིགས་རིག་གནས་དྲིལ་བསྒྲགས་བྱས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག