མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་དབང་བོ་སྐྱོན་ཅན་གྱི་འགན་སྲུང་མ་དངུལ་བསྡུ་ལེན་བྱེད་པའི་ནུས་ཤུགས་ཇེ་ཆེར་བཏང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-19 11:02

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ་བསྡུ་ལེན་བྱེད་པའི་ནུས་ཤུགས་ཇེ་ཆེར་བཏང་ཞིང་།  མིག་སྔར། རྫོང་ཡོངས་ནས་འགན་སྲུང་མ་དངུལ་སྒོར་ཁྲི50ལྷག་བསྡུ་ལེན་བྱས།

 ས་གནས་དཔྱ་ཁྲལ་བསྡུ་སྡེ་ཁག་གིས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ་བསྡུ་ལེན་བྱེད་པ་ནི་གནས་བབ་གསར་བའི་འོག  ཞིང་ཆེན་དང་ཁུལ།  རྫོང་སྲིད་གཞུང་བཅས་ཀྱིས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་བྱ་བར་སྒྲུབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ས་གནས་དཔྱ་ཁྲལ་གྱིས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ་ཚབ་བསྡུ་བྱེད་པ་ནི། གནས་བབ་གསར་བའི་འོག་ཞིང་ཆེན་དང་ཁུལ་ད་དུང་རྫོང་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་བྱ་བ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན། སེམས་ཀྱི་ཉི་ཟླ་རྫོང་གི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་གནས་དཔྱ་ཁྲལ་སྡེ་ཁག་ལ་རོགས་འདེགས་བྱེད་པའི་དུས་མཚུངས་སུ། ནན་ཏན་གྱིས་སྤྱི་བསྡོམས་བྱེད་པ་དང་མི་འདང་ས་འཚོལ་བ། མི་བཀོལ་ལས་ཁུངས་ཀྱི་ལས་གནས་སུ་ཡོད་པའི་དབང་བོ་སྐྱོན་ཅན་ལས་བཟོ་བའི་མི་གྲངས་དངོས་ལེན་བཟང་སྒྲུབ་བྱས་ཏེ། འགན་སྲུང་མ་དངུལ་སྤྲོད་འོས་པའི་གྲངས་འབོར་ལ་ཞིབ་བཤེར་གཏན་འཁེལ་བྱས། སེམས་ཀྱི་ཉི་ཟླ་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། སེམས་ཀྱི་ཉི་ཟླ་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མུ་མཐུད་དུ་བསྡུ་ལེན་བྱེད་སྟངས་སྣ་ཚོགས་འཐུས་ཚང་དུ་བཏང་སྟེ། སྡེ་ཁག་སོ་སོར་ཧུར་བརྩོན་གྱི་རོགས་འདེགས་བྱས་པ་བརྒྱུད། དཔྱ་ཁྲལ་བསྡུ་ལེན་འགན་ཁུར་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱས།   །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག