མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་མུ་མཐུད་དུ་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-18 10:48

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་མུ་མཐུད་དུ་ཞིང་ཆེན་ཕྱི་ནང་གི་ལག་རྩལ་རོགས་སྐྱོར་བརྩོན་ལེན་བྱས་ནས།ཧུར་ཐག་གིས་ཚན་རྩལ་མཉམ་ལས་དེ་ལག་རྩལ་དཔལ་འབྱོར་གྱི་མཉམ་ལས་ཕྱོགས་སུ་གོང་སྤེལ་གཏོང་བར་སྣེ་ཁྲིད་དང་སྐུལ་འདེད་བཏང་སྟེ། ཚན་རྩལ་ལས་དོན་གྱི་གོང་སྤེལ་མགྱོ གས་སུ་གཏོང་བ་རེད།

རང་ཁུལ་གྱིས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ཡུན་ནན་དགེ་འོས་སློབ་ཆེན་དང་། ཡུན་ནན་ཞིང་ལས་སློབ་ཆེན་སོགས་སློབ་གྲྭ་འགའ་ཤས་དང་མཉམ་ལས་བྱས་ཏེ། ཧུར་ཐག་གིས་སྐྱེ་ཁམས་རྣམ་གྲངས་བཙུགས་ཡོད། ཡུན་ནན་བོད་ཁུལ་སྐྱེ་ཁམས་ཁོར་ཡུག་གི་ཁྱད་ཆོས་ལ་གཞིགས་ནས། ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་ཐབས་ཇུས་རོགས་སྐྱོར་བྱེད་པའི་ཆ་འཕྲིན་ལས་སྟེགས་བཙུགས་ནས། བོད་ཁུལ་སྐྱེ་ཁམས་བདེ་འཇགས་ལ་དབྱེ་ཞིབ་དང་གདེང་འཇོག ཐབས་ཇུས་རོགས་སྐྱོར་བྱེད་པ་སོགས་ཆ་འཕྲིན་ཅན་གྱི་དོ་དམ་མངོན་འགྱུར་བྱུང་བ། ཡུན་ནན་བོད་ཁུལ་གྱིས་གལ་ཆེའི་ཐོན་ཁུངས་གསར་གཏོད་དང་བེད་སྤྱོད་བྱེད་པ་དང་། དཔལ་འབྱོར་རྒྱུན་མཐུད་ཀྱིས་གོང་སྤེལ་གཏོང་བ། སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཚན་རྩལ་རོགས་སྐྱོར་འདོན་པ་མ་ཟད།ད་དུང་སྐྱེ་ཁམས་ཀྱི་བདེ་འཇགས་བྱ་ཐབས་གཏན་འབེབས་བྱེད་པ་དང་སྲིད་གཞུང་གི་ཕྱོགས་བསྡུས་ཐབས་ཇུས་ལ་ཚན་རྩལ་གཏན་གཞི་འདོན་པ།བདེ་ཆེན་གྱི་ས་ཁུལ་གཙོ་བོ་དང་ཁྱད་ལྡན་ཐོན་ལས།གཙོ་གཉེར་ལས་རིགས།རྫོང་ཁུལ་དཔལ་འབྱོར་གོང་སྤེལ་གཏོང་བའི་དགོས་མཁོ་ལ་གཞིགས་ནས། སློབ་ཆེན་དང་ཚན་རྩལ་ཞིབ་འཇུག་ཁང་གིས་མཉམ་ལས་བྱས་ནས་ཐོན་སློབ་ཞིབ་གསུམ་མཉམ་འབྲེལ་བྱས་ཏེ།ཐོན་ལས་ཅན་གྱི་གོང་སྤེལ་ལ་སྐུལ་འདེད་བཏང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག