མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ཞིང་ལས་ལག་རྩལ་གྱི་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-18 10:48

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ཧུར་ཐག་གིས་ཚན་རྩལ་གྱིས་ཞིང་ལས་དར་བ་ཞེས་པའི་ཐབས་ཇུས་ལག་བསྟར་བྱས་ཤིང་། ཚན་རྩལ་གསོ་སྦྱོང་ཁྱབ་གདལ་གཏོང་བ་དང་ཚན་རྩལ་གསར་གཏོད་བྱ་འགུལ་ཤུགས་ཆེས་སྤེལ་བ། ཞིང་ལས་ཀྱི་སྤྱོད་འཐུས་ལག་རྩལ་གྱི་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་རེད། ད་སྔའི་བར་དུ། བསྡོམས་ཏེ་གསོ་སྦྱོང་སྣ་ཚོགས་སྤེལ་ཐེངས་19ལ་ཟིན་ཞིང་། གསོ་སྦྱོང་ནང་ཞུགས་མཁན་མི་ཐེངས་1308ལ་ཟིན་པ་རེད།

ཞིང་པའི་མིག་རྒྱང་ཇེ་རིང་དུ་སྐྱེད་ནས། སྔོན་གཏོད་ལེགས་བརྩོན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། ཞིང་ལས་ཀྱི་ཐོན་ཚད་ཇེ་ཆེར་གཏོང་ཞིང་ཞིང་པའི་ཡོང་འབབ་ཇེ་མཐོར་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱུང་ཆེད། སེམས་ཀྱི་ཉི་ཟླ་རྫོང་ཞིང་ལས་ཚན་རྩལ་ཅུས་ཀྱིས་རྫོང་དེ་གའི་ཐོན་ལས་སྒྲིག་གཞིར་བསྒྱུར་བཅོས་གཏོང་བའི་བསམ་གཞིགས་ལྟར། འབྲེལ་ཡོད་སྲིད་ཇུས་ལ་གཞི་བཟུང་ནས། གསོ་སྦྱོང་གི་འཆར་གཞི་ཞིབ་ཕྲ་གཏན་འཁེལ་བྱས་ཏེ་གསོ་སྦྱོང་ལས་འགན་ལག་བསྟར་བྱས་པ་དང་། མ་དངུལ་གྱི་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ་རེད། ཧུར་ཐག་གིས་ཚན་རྩལ་ངེས་ཅན་ལྡན་པ་དང་། དཔལ་འབྱོར་ཕན་ཆ་ཡག་པའི་རྣམ་གྲངས་ནང་འདྲེན་བྱས་ནས། ཚན་རྩལ་དཔེ་སྟོན་བྱ་འགུལ་སྤེལ་བ་དང་། ཞིང་ལས་ཚན་རྩལ་གྱི་ཆེད་མཁས་རྩ་འཛུགས་བྱས་ནས་ཞིང་ཁར་ཞུགས་ཏེ་མང་ཚོགས་ལ་མཛུབ་སྟོན་བྱས་པ། ཞིང་གྲོང་གི་ཏང་ཡོན་འབོད་ནས་གསོ་སྦྱོང་དུ་ཞུགས་ནས། བྱ་ཐབས་སྣ་ཚོགས་ལ་བརྟེན་ཏེ་ཞིང་ལས་ཀྱི་སྔོན་ཐོན་ལག་རྩལ་ཁྱབ་གདལ་ཆེན་པོ་གཏོང་སྟེ། རྫོང་ཡོངས་ཀྱི་ཞིང་པས་ཁྲོམ་ར་དང་འགྲོས་ནས་ཆ་འཕྲིན་དུས་ཐོག་ཏུ་ཁོང་དུ་ཆུད་པའི་ནུས་པ་དང་། ཚན་རིག་དང་མཐུན་པའི་འདེབས་འཛུགས་བྱེད་པ། ཚན་རིག་ལ་རག་ལས་ནས་ཐོན་ལས་ཇེ་ཆེར་གཏོང་བའི་ནུས་པ་ཇེ་མཐོར་གཏོང་བ་རེད། གསོ་སྦྱོང་གི་ནང་དོན་གཙོ་བོ་ནི་དུད་འགྲོའི་སྨན་པ་དང་། ཕྱུགས་ཟོག་གསོ་སྐྱོང་པ། ཞིང་ལས་འཕྲུལ་ཆས་ཉམས་གསོ་པ། ཞིང་གྲོང་ཡུལ་སྐོར་གྱི་སྣེ་ཁྲིད་པ་སོགས་ལ་ཕྱོགས་ཡོངས་ནས་གསོ་སྦྱོང་བྱས་ཏེ། ཞིང་པའི་ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་བཏབ་པའི་ཤེས་བྱ་དང་ཆུ་ཚད་ཇེ་མཐོར་གཏོང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག